Dilgo Khyentse Yangsi Rinpoche Long-Life Prayer—Tibetan
English | Deutsch | Español | Français | Italiano | Nederlands | བོད་ཡིག
༄༅། །དིལ་མགོ་མཁྱེན་བརྩེའི་ཡང་སྲིད་ཨུ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་ཀྱི་ཞབས་བརྟན་གསོལ་འདེབས།
ཨོཾ་སྭསྟི།
རབ་འབྱམས་སྲས་བཅས་རྒྱལ་བའི་ཐུགས་རྗེ་དང་། །
རྨད་བྱུང་རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །
རྗེ་བཙུན་བླ་མ་མཁྱེན་བརྩེའི་གཏེར་ཆེན་པོའི། །
བསམ་བཞིན་སྤྲུལ་པའི་ཟློས་གར་མཚུངས་ཟླ་བྲལ། །
ཨོ་རྒྱན་རྗེ་དང་རིས་བྲལ་མདོ་སྔགས་ཀྱི། །
བསྟན་འཛིན་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་བའི། །
ཞབས་པད་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན། །
ཕན་བདེའི་བཞེད་དོན་མ་འབད་ལྷུན་གྲུབ་ཤོག །
ཅེས་པའང་སྐྱབས་རྗེ་དིལ་མགོ་མཁྱེན་རྡོ་རྗེ་འཆང་ཆེན་པོའི་མཆོག་སྤྲུལ་རིན་པོ་ཆེ་གང་ཉིད་རྟེན་འབྱུང་སླད་ཚེས་བྲག་ཕུག་མཱ་ར་ཏི་ཀར་སྲིད་ཞིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ནས་མཚན་བྱང་བཀའ་དྲིན་དུ་སྩལ་དང་ཆབ་གཟིག་ན་བཟའ་སྒྲོན་འབུལ་ཞུས་པའི་ཚེ་ན་ཞྭ་དེའུ་སྤྲུལ་དུ་འབོད་པ་དགེ་སློང་ཀུན་རྨོངས་ཝཱ་གིནྡྲ་དྷརྨ་མ་ཏིས་འདུན་སྨོན་རྩེ་གཅིག་པས་ཤིང་ཕག་བཀྲ་ཤིས་མགོ་ཟླའི་དཀར་ཕྱོགས་ཀྱི་གྲལ་ཚེས་༨བཟང་པོར་བྲིས་ཏེ་ཕུལ་བ་ཛ་ཡནྟུ།།