Prayer for the Swift Rebirth of Kyabjé Trulshik Rinpoche—Tibetan
English | Deutsch | Español | Français | Italiano | Nederlands | བོད་ཡིག
༄༅། །མྱུར་བྱོན་གསོལ་འདེབས།
བགྲང་ཡས་བསྐལ་པར་ཐུགས་བསྐྱེད་དམ་བཅའི་མཐུས། །
དུས་འདིར་ཡོངས་རྫོགས་༧རྒྱལ་བསྟན་གསལ་མཛད་པའི། །
གསུམ་ལྡན་འདུལ་འཛིན་དམ་པར་གསོལ་འདེབས་ན། །
ཡང་སྤྲུལ་གཞོན་ནུའི་གཟུགས་སྐུ་མྱུར་འཆར་གསོལ། །
ཞེས་པ་དམ་པ་གང་གི་ཞལ་སློབ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་ཟླ་ ༧ ཚེས་ ༡༨ ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༥ ཉིན་ཨར་ཇིན་ཊི་ནའི་གནམ་ཐང་དུ་ཤར་མར་བྲིས་པ་དགེ།། །།