The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for the Flourishing of the Teachings—Tibetan

English | Deutsch | Español | Français | བོད་ཡིག

༄༅། །བསྟན་རྒྱས་སྨོན་ལམ་བཞུགས།།

 

སྤྲུལ་སྐུ་རྣམ་རྒྱལ་ནས་ཁམས་དགོན་བསྟན་པ་རྒྱས་བྱེད་སྨོན་ཚིག་ཞིག་བྲིས་གསུངས་ལྟར་བྲི་བར་བརྩམ་པའི་ཚེ་ཌཱཀྐི་དམར་མོ་ཞིག་གིས་ད་དུང་སྡོད་ཅིག །དུས་སུ་ངས་སྨྲ་བར་བྱེད་དོ་ཟེར་བར་ཡུན་རིང་ལུས་མཐར་རྒྱལ་སྟོད་པདྨ་ཤེལ་ཕུག་ཏུ་ཌཱཀྐི་དེས་འདི་ལྟར་གསུངས།

དཀོན་མཆོག་གསུམ་དང་ཤཱཀྱའི་རྒྱལ། །

རིགས་གསུམ་མགོན་དང་མ་ཕམ་པ། །

གནས་བརྟན་ཆེན་པོ་བཅུ་དྲུག་དང༌། །

པདྨ་འབྱུང་གནས་བདེན་སྟོབས་ཀྱིས། །

བླ་མའི་སྐུ་ཚེ་བརྟན་གྱུར་ཅིག །

དགེ་འདུན་སྡེ་འཕེལ་ཐུགས་མཐུན་ཤོག །

བསྟན་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །

བཤད་སྒྲུབ་ཕྲིན་ལས་དར་རྒྱས་ཤོག །

 

ཨ་མའི་ཁ་ཆད་ཀྱི་ཚིག་འདི་ཡིན། ད་དུང་མང་པོ་ཡོད་པས་དུས་དུས་སུ་བཤད་པས་ཆོག་གོ །ཅེས་གསུངས་པ་ལྟར་ལས་གླིང་གིས་བྲིས། །

 

གཏེར་སྟོན་བསོད་རྒྱལ།

Tertön Sogyal Lerab Lingpa

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept