The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Rigdzin Düpa Lineage Prayer—Tibetan

English | Español | Français | Português | བོད་ཡིག

༄༅། །རིག་འཛིན་འདུས་པའི་བརྒྱུད་འདེབས་དངོས་གྲུབ་ཆར་འབེབས་བཞུགས།

 

རིགས་བརྒྱའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་སེམས། །

དྲུག་པའི་རྒྱལ་ཚབ་པྲ་ཧེ་བཛྲ་དང༌། །

དངོས་གྲུབ་མཆོག་བརྙེས་འཇམ་དཔལ་བཤེས་གཉེན་ལ། །

གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །

 

བརྟུལ་ཞུགས་མཐར་ཕྱིན་མཁས་པ་ཤྲཱི་སེང༌། །

ཟག་མེད་འཇའ་ལུས་རབ་གྲུབ་ཡེ་ཤེས་མདོ། །

ཐེག་མཆོག་སྙིང་པོའི་ཤིང་རྟ་བི་མའི་ཞབས། །

གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །

 

དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང༌། །

འཇམ་དཔལ་སྤྲུལ་པ་མངའ་བདག་ཁྲི་སྲོང་དང༌། །

གངས་ཅན་མུན་སེལ་བཻ་རོ་མཚོ་རྒྱལ་ལ། །

གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །

 

སྙིང་ཐིག་བརྡའ་འགྲོལ་ཀུན་མཁྱེན་དྲི་མེད་འོད། །

ཟབ་གཏེར་བཀའ་བབས་རིག་འཛིན་འཇིགས་བྲལ་གླིང༌། །

ལྷ་སྲས་ཟློས་གར་ཀུན་བཟང་གཞན་ཕན་ཞབས། །

གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །

 

གདམས་པའི་མཛོད་འཛིན་རྒྱལ་བའི་མྱུ་གུ་དང༌། །

མཁས་དང་གྲུབ་པའི་འཁོར་བརྒྱུར་མདོ་སྔགས་གླིང༌། །

བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་རྡོ་རྗེ་ཡེ་ཤེས་སྩོལ། །

 

རྒྱལ་ཐབས་སྤྱི་བླུགས་དབང་ཆུས་རྒྱུད་སྨིན་ཞིང༌། །

སྤྱི་ཁྱད་ལྷག་པའི་དམ་ཚིག་རྣམ་པར་དག །

ཏིང་འཛིན་ལྔ་དང་གབ་པ་བཞི་ཡི་གནད། །

ཡོངས་རྫོགས་བསྐྱེད་རིམ་ཟབ་མོས་གཞི་བཟུང་སྟེ། །

སྙན་བརྒྱུད་ཡིད་བཞིན་ནོར་བུའི་རྫོགས་རིམ་དང༌། །

མ་བསྒོམ་སངས་རྒྱས་ཕོ་ཉའི་ལམ་བརྟེན་ནས། །

ཕུང་ཁམས་སྒྲིབ་བྲལ་དབྱིངས་སུ་དག་པའི་རྩལ། །

ལྔ་ལྡན་འཇའ་ལུས་རྡོ་རྗེར་སྨིན་པར་ཤོག །

 

རིག་འཛིན་འདུས་པའི་བརྒྱུད་འདེབས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་ལམ་འདིའི་རྒྱུ་མཚན་ཅུང་ཟད་ཤེས་པའི་མོས་གུས་ཅན་འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་ཛ་ཡནྟུ། །

 

རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

Rigdzin Düpa and the other main deities of Longchen Nyingtik

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept