Long-Life Prayer for Tulku Thondup—Tibetan
༄༅། །སྤྲུལ་སྐུ་དོན་གྲུབ་ཀྱི་ཞབས་བརྟན་གསོལ་འདེབས།
ཨོཾ་སྭསྟི།
མཆོག་གསུམ་ལྷ་དང་དྲང་སྲོང་བདེན་པའི་མཐུས། །
ངག་དབང་བློ་བཟང་དོན་ཀུན་འགྲུབ་པ་ཡི། །
ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ནས། །
ཕན་བདེའི་འོད་ཀྱིས་གདུལ་བྱའི་རྒྱུད་སྨིན་ཤོག །
ཅེས་པའང་རྟེན་འབྲེལ་མཚོན་ཕྱིར་རྒྱལ་སྲས་སྨོན་འགྲུབ་རྡོ་རྗེས་སོ།།