The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Milarepa Supplication—Tibetan

English | Español | བོད་ཡིག

༄༅། །དག་སྣང་ལས་རྗེ་བཙུན་བཞད་པ་རྡོ་རྗེའི་གསོལ་འདེབས་ཐུགས་རྗེའི་མྱུ་གུ་བཞུགས་སོ།།

 

ན་མོ་གུ་རུ་བྷྱ༔

 

དད་དམ་མོས་གུས་ལྡན་པའི་སྐྱེས་བུ་ཡིས༔   ཕྱག་འཚལ་ཐལ་སྦྱར་གསོལ་འདེབས་འདིར་བརྩོན་བྱ༔

ཨེ་མ་ཧོ༔

རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་པད་དཀར་འཆང་༔

འགྲོ་ལ་རྗེས་བརྩེ་ཡེ་ཤེས་སྒྱུ་མའི་གར༔

རླུང་སེམས་དབང་ཐོབ་མཐུ་སྟོབས་མངའ་བདག་དཔལ༔

རྗེ་བཙུན་བཞད་པ་རྡོ་རྗེར་གསོལ་བ་འདེབས༔

 

འདི་ཕྱི་བར་གསུམ་འབྲལ་མེད་རྗེས་བཟུང་སྟེ༔

ཚེ་འདིར་ཡང་དག་ལམ་ལ་བློ་དྲངས་ནས༔

བློ་ལྡོག་བཞི་ཡིས་བདག་རྒྱུད་གྲོལ་བ་དང་༔

སྨོན་འཇུག་སེམས་ཀྱི་མྱུ་གུས་རྒྱུད་བརླན་ཏེ༔

སྲིད་པ་འཁོར་བའི་རྒྱ་མཚོ་བརྒལ་ནུས་ཤོག༔

 

ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན༔

བརྒྱུད་ལྡན་བླ་མའི་མན་ངག་ལ་བརྟེན་ནས༔

ལས་གྱི་གནད་ལ་གོལ་འཆུགས་མེད་པ་རུ༔

སྐུ་གསུམ་འབྲས་བུ་མཉམ་སྦྱོར་དགོངས་པའི་དོན༔

རང་རིག་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག༔

 

གལ་ཏེ་རང་རིག་ཀློང་དུ་མ་གྱུར་ན༔

རྗེ་བཙུན་བླ་མ་ཁྱེད་དང་དབྱེར་མེད་པར༔

དག་པ་མཁའ་སྤྱོད་ཞིང་དུ་འདྲེན་པར་ཤོག༔

 

ཞིང་དེར་སྐྱེས་ནས་རིག་འཛིན་སྟོན་འཁོར་གྱི༔

དགོངས་པ་དབྱེར་མེད་ཀློང་དུ་གྲོལ་ནས་ཀྱང་༔

སླར་ཡང་གང་འདུལ་འགྲོ་བའི་དོན་གཉིས་ཀུན༔

འབད་མེད་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས༔

 

ཞེས་པ་འདི་ལ་བཙོན་གྱུར་ན༔ བྱིན་རླབས་རྒྱུད་ལ་འཇུག་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔  ཨྀྠི༔

 

ཞེས་པ་འདི་ཡང་དགེ་བཙུན་དམ་པ་འགྲོ་ཕན་གྱིས་བསྐུལ་ངོར་བདེ་བའི་རྡོ་རྗེས་བྲིས་པའོ། །དགེའོ། །

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

མི་ལ་རས་པ།

Further information:

BDRC Author Profiles: P742 P1853

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept