Extremely Concise Sampa Lhundrup—Tibetan
༄༅། །བསམ་ལྷུན་ཤིན་ཏུ་བསྡུས་པ། །
རྒྱལ་ཀུན་ངོ་བོ་འཆི་མེད་ཐོད་ཕྲེང་རྩལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
ནད་གདོན་བགེགས་ཚོགས་བར་ཆད་དབྱིངས་སུ་སོལ། །
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །
ཞེས་རིག་པའི་རྡོ་རྗེས་བྲིས།