The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Jetsün Tārā—Tibetan

English | Español | བོད་ཡིག

༄༅། །རྗེ་བཙུན་སྒྲོལ་མ་ལ་འདོད་དོན་གསོལ་འདེབས།

 

རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །

བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །

སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །

རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །

 

དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །

ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །

ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །

བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །

 

དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །

རྨི་ལམ་ངན་དང་མཚན་མ་ངན་པ་དང༌་། །

འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །

མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །

 

འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །

འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །

འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །

 

སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌་། །

རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང༌་། །

སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །

ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །

 

ཅེས་འདོད་དོན་གསོལ་འདེབས་རྗེ་བཙུན་གྲགས་པ་མཚན་རྒྱལ་གྱིས་མཛད་པའོ། །

 

རྗེ་བཙུན་གྲགས་པ་རྒྱལ་མཚན།

Green Tārā

This website uses cookies to collect anonymous usage statistics and enhance the user experience.
Decline
Accept