The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Universal Medicine for Healing All Ills—Tibetan

English | Deutsch | Español | Français | Português | 中文 | བོད་ཡིག

༄༅། །ནད་སེལ་གྱི་སྨན་དཀར་པོ་གཅིག་ཐུབ་ཅེས་བྱ་བ།

བླ་མ་ལ་ཕྱག་འཚལ་ལོ། །
ན་བ་སེམས་ཀྱི་རྟོག་པ་སྟེ། །
ན་བ་ཆོས་ཉིད་ངང་དུ་ན། །
ཆོས་ཉིད་ངང་དུ་ན་བ་མེད། །
ན་བ་གཏད་མེད་དབྱིངས་སུ་ཐོངས། །
ན་བ་ཆོས་ཉིད་རོལ་པའི་རྒྱན། །
ཆོས་ཉིད་རོལ་པ་འགགས་པ་མེད། །
རང་སྣང་ཐམས་ཅད་ན་བ་ཡིན། །
ན་བ་ཐམས་ཅད་ཡེ་ཤེས་ཡིན། །
ཡེ་ཤེས་ངང་ལ་ཡེངས་མེད་ཞོག །
ན་བ་རྒྱུ་འབྲས་དབྱིངས་སུ་སངས། །
ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་ཀྱི། །
ཉོན་མོངས་ནད་ལས་རང་གྲོལ་ཤོག །
ཅེས་རབ་མཆོག་ན་བའི་སྐབས་བློ་གྲོས་པས་ཁ་མཚར་བྱས་པའོ།། རྗེ་བླ་མ་རིན་པོ་ཆེ་པདྨ་ཡེ་ཤེས་རྡོ་རྗེའི་ཕྱག་བྲིས་དངོས་ལས་དག་པར་ཞལ་བཤུས་པའོ།།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept