The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Swift Fulfilment of Aspirations—Tibetan

English | བོད་ཡིག

༄༅། །དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ལ་གསོལ་འདེབས་བསམ་དོན་མྱུར་འགྲུབ་ཅེས་བྱ་བ།

 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

 

ཕྱོགས་དུས་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས།    །

མ་ལུས་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ།    །

རྔ་ཡབ་པདྨ་འོད་ནས་ཐུགས་རྗེས་གཟིགས།    །

གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས།    །

 

རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ་དང་།    །

དམ་ཆོས་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང་།    །

ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་དང་།    །

ཡེ་ཤེས་རིག་པའི་རྩལ་ཆེན་སྤར་དུ་གསོལ།    །

 

ཤེས་རབ་ཟབ་མོའི་སྒོ་ཆེན་འབྱེད་པ་དང་།    །

སྤོབས་པའི་གཏེར་ཆེན་བརྒྱད་ལ་དབང་འབྱོར་ཞིང་།    །

རིས་མེད་ཐོས་བསམ་སྒོམ་པའི་པད་ཚལ་རྒྱས།    །

ཟབ་དོན་སྦྲང་རྩིའི་བཅུད་ཀྱིས་ཕྱུག་པར་ཤོག  །

 

མདོར་ན་བདག་གཞན་སེམས་ཅན་ཐམས་ཅད་ཀྱི།    །

ཆོས་མཐུན་བསམ་སྦྱོར་སྐད་ཅིག་ཙམ་སྐྱེས་ཀྱང་།    །

དེ་ཡི་མོད་ལ་མྱུར་དུ་འགྲུབ་པ་དང་།    །

བར་ཆད་ཞི་ཞིང་བདུད་ལས་རྒྱལ་གྱུར་ཅིག  །

 

ཅེས་པའང་རང་གི་བསྙེལ་གསོས་ཙམ་དུ་ཆོས་ཀྱི་བློ་གྲོས་པས་རྩེ་གཅིག་གུས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept