Prayer to Noble White Tārā—Tibetan
༄༅། །རྗེ་བཙུན་སྒྲོལ་མ་དཀར་མོའི་གསོལ་འདེབས། །
རབ་དཀར་ཟླ་ཞུན་སྟོང་གི་ལང་ཚོ་ཅན། །
མཚན་དཔེའི་སྐུ་མཆོག་འཆི་བདག་བདུད་བཅོམ་མ། །
ཚེ་དང་ཡེ་ཤེས་དངོས་གྲུབ་མཆོག་སྟེར་བ། །
རྗེ་བཙུན་ཡིད་བཞིན་འཁོར་ལོར་གསོལ་བ་འདེབས། །
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
འདི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་བྱིན་རླབས་ཅན༎ ༎