Prayer for the Long Life of Dzogchen Rinpoche—Tibetan
English | Español | Nederlands | བོད་ཡིག
༈ རྫོགས་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
ཀུན་བཟང་རྡོ་རྗེ་འཆང་དབང་པ༵དྨ་འབྱུང༌། །
གྲུབ་པའི་རི༵ག་འཛི༵ན་མཆོག་ཏུ་རོལ་བའི་གར། །
བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ། །
རིམ་བྱོན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས། །
རྨད་བྱུང་ཐུབ་བ༵སྟན་ལུང་རྟོགས་འཛི༵ན་པའི་འཕྲུལ། །
མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་འོད་པོ་ཆེ། །
སྲིད་ཞིའི་འཇི༵གས་བྲལ༵་ཕན་དང་བདེ་བའི་དཔལ། །
མི་འགྱུར་ལྷུན༵་པོ༵འི་སྤོ་ལ་རྟག་ཤར་ཤོག །
ཅེས་པ་འདིའང་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་སྨོན་པའོ། །