The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Dzongsar Khyentse Rinpoche Long-Life Prayer—Tibetan

English | Deutsch | 中文 | བོད་ཡིག

༄༅། །འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གི་ཞབས་བརྟན་སྨོན་ཚིག

 

ཨོཾ་སྭསྟི།

བརྟན་གཡོའི་སྲོག་རྩ་བདེ་ཆེན་རྡོ་རྗེ་རུ། །

བསྒྲུབས་མཛད་འཆི་མེད་གཉུག་མའི་ཡེ་ཤེས་སེམས། །

བདུད་འདུལ་པདྨ་ཐོད་ཕྲེང་ཧེ་རུ་ཀས། །

སྣང་སྲིད་ཟིལ་གནོན་ཚེ་དབང་བྱིན་ཆེན་ཕོབ། །

 

འཇི༵གས་མེ༵ད་ངག་གི་དབང་ཕྱུག་མཁྱེ༵ན་བརྩེ༵འི་གཏེར། །

ཟབ་གསང་ནོར༵་བུ༵འི་མཛོད་འཆང་རྡོ་རྗེ་འཛིན། །

ཐོག༵ས་མེ༵ད་ཕྲིན༵་ལས༵་རྣམ༵་པར་རྒྱལ༵་བའི་སྡེའི། །

གསང་གསུམ་མི་ཤིགས་རྟག་པར་འཚོ་གཞེས་གསོལ། །

 

བི་མ་ལ་དང་མངའ་བདག་ཁྲི་ལྡེ་ཡི། །

ཐུགས་རྗེ་འགོག་མེད་ཐུགས་བསྐྱེད་དམ་བཅས་ལྟར། །

སྙིགས་དུས་བསྟན་དང་འགྲོ་བའི་དཔུང་གཉེན་དུ། །

གཡོ་མེད་རྡོ་རྗེའི་ངོ་བོར་བརྟན་བཞུགས་གསོལ། །

 

མོས་དང་ལྷག་བསམ་དགེ་བའི་ས་བོན་གང་། །

བདེན་གཉིས་བསླུ་མེད་དྲོད་གཤེར་གྱིས་བསྐྱེད་དེ། །

ཇི་ལྟར་སྨོན་པའི་འབྲས་བཟང་གཡུར་ཟ་བས། །

ས་གསུམ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག །

 

ཅེས་འཇམ་མགོན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་མཆོག་གི་སྤྲུལ་སྐུའི་ཞབས་བརྟན་སྨོན་ཚིག་འདིའང་ངེས་དོན་བསྟན་པའི་སྣང་བྱེད་འབྲུག་ཆེན་གདུང་སྲས་རིན་པོ་ཆེ་མི་ཕམ་ངག་དབང་བདེ་ཆེན་འགྱུར་མེད་དང་། འོད་གསལ་སྙིང་པོའི་ཤིང་རྟ་སངས་རྒྱས་རྡོ་རྗེ་ལྷན་རྒྱས་པའི་ཞལ་སྔ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བར་མཛད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབང་ཆེན་སྤྲེལ་ཟླའི་ཡར་ངོའི་ཚེས་བཅུའི་དུས་སྟོན་བཟང་པོར་རྡོར་གླིང་དགུང་དགོན་ཡིད་དགའ་ཆོས་གླིང་གི་གནྡྷོལར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།། །།

 

བདུད་འཇོམས་རིན་པོ་ཆེ།

Dzongsar Jamyang Khyentse Rinpoche

Further information:

BDRC Author Profiles: P736 P623

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept