The Verse for Offering Water—Tibetan
English | Deutsch | Español | Français | Nederlands | བོད་ཡིག
༄༅། །དག་སྣང་ལས༔ ཡོན་ཆབ་འབུལ་བའི་ཚིག་རྐང་དངོས་གྲུབ་རྒྱ་མཚོ་བཞུགས་སོ༔
ཧཱུྂ༔ ཡན་ལག་བརྒྱད་ལྡན་བདུད་རྩིའི་རྫིང་བུ་འདི༔
བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི༔
བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི༔
ཚོགས་རྫོགས་སྒྲིབ་དག་འཁོར་བ་དོང་སྤྲུགས་ཤོག༔
ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨ་ཧཱུྂ༔
ནུབ་གཅིག་གི་རྨི་ལམ་ན་མཁའ་འགྲོ་མ་སུ་ཁ་སིདྡྷི་ཡིན་ཟེར་བའི་བུད་མེད་དཀར་མོ་ཞིག་གིས་ཡོན་ཆབ་འབུལ་ཚིག་འགྲོ་དོན་སྨོན་ལམ་དང་བཅས་ཚང་ཟེར་བའི་འཁྲུལ་སྣང་ཤར་བ་སྤྲང་བདུད་འཇོམས་རྡོ་རྗེས་བླ་མ་ཚུལ་ཁྲིམས་རྡོ་རྗེའི་ངོར་བྲིས་པས་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།