Six Vajra Lines—Tibetan
Prayers
Guru Rinpoche Prayers
Guru Padmasambhava
Termas
Chokling Tersar
Nyingma Mönlam
བོད་ཀྱི་བླ་མ།
མཆོག་གྱུར་བདེ་ཆེན་གླིང་པ།
English | Deutsch | Español | Français | Italiano | Nederlands | བོད་ཡིག
༄༅། །རྡོ་རྗེའི་ཚིག་རྐང་དྲུག་གི་གསོལ་འདེབས།
དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔
དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔
བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔
གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཞེས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པའི་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་ཏོན་དུ་གཅེས་པར་ཟུངས་ཤིག །