Verses of Refuge and Bodhicitta—Tibetan
English | Deutsch | Español | བོད་ཡིག
༄༅། །སྐྱབས་འགྲོ་སེམས་བསྐྱེད།
འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །
སངས་རྒྱས་ཆོས་དང་དགེ་འདུན་ལ། །
བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །
རྟག་པར་བདག་ནི་སྐྱབས་སུ་མཆི། །
ཤེས་རབ་སྙིང་བརྩེ་དང་བཅས་པས། །
བརྩོན་པས་སེམས་ཅན་དོན་དུ་བདག །
སངས་རྒྱས་མདུན་དུ་གནས་བགྱིས་ནས། །
རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །
ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི།