Final Words
English | Deutsch | Español | Français | Nederlands | བོད་ཡིག
༄༅། །འདས་ཆེམས་གདམས་པའི་སྙིང་པོ་བཞུགས།
Final Words: The Essential Advice
by Minling Terchen Gyurme Dorje
སྐྱབས་མཆོག་བླ་མ་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་ཉིད་གཟུགས་སྐུ་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་སྟོན་པ་དེའི་ཚེ་ཟབ་དོན་གདམས་པ་ཐམས་ཅད་ཀྱི་སྙིང་པོ་འདས་ཆེམས་རྡོ་རྗེའི་ཚིག་གིས་རྗེས་སུ་གདམས་པ་ནི།
The supreme refuge, the lord of the maṇḍala, whose name is difficult to utter, the great tertön and sovereign of Dharma, Drodul Terdak Lingpa, as he demonstrated the act of dissolving his illusory nirmāṇakāya manifestation into the sphere of ultimate reality, spoke the following words of advice:
སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང༌། །
nang drak rik sum lha ngak chökü ngang
May appearance, sound and awareness in the state of deity, mantra and dharmakāya
སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས། །
ku dang yeshe rolpar jamlepé
Merge boundlessly as the display of kāyas and wisdoms,
ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །
zabsang naljor chenpö nyamlen la
In the profound and secret practice of the great yoga,
དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །
yermé tuk kyi tikler ro chik shok
And may they be of one taste, indivisible within the sphere of the enlightened mind.
ཅེས་འགྱུར་མེད་རྡོ་རྗེས་བྲིས་པའོ།།
Written by Gyurme Dorje.
ཞེས་ཆོས་དང་རིགས་ཀྱི་སྲས་རྣམས་ཀྱིས་ཐོག་དྲངས་སྐལ་ལྡན་གདུལ་བྱར་གྱུར་པའི་འགྲོ་བ་མཐའ་དག་གི་ལུས་ངག་ཡིད་གསུམ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེས་རྒྱས་འདེབས་པའི་སྨོན་ལམ་གྱི་གཏད་རྒྱས་རྗེས་སུ་བཟུང་བ་དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག།
May this prayer of aspiration for sealing the body, speech and mind of all this great master's fortunate followers, headed by his spiritual and familial heirs, within the indestructible body, speech and mind of enlightenment, be fulfilled!