Long-Life Prayer for Lodi Gyari Rinpoche—Tibetan
English | Deutsch | Français | བོད་ཡིག
༄༅། །རྒྱ་རི་བློ་གྲོས་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
ཨོཾ་སྭསྟི།
འཆི་མེད་རྩ་གསུམ་ཚེ་ལྷའི་བྱིན་རླབས་ཀྱིས། །
མཁན་ཆེན་ཕེན་བདེ་འོད་ཟེར་སྒྱུ་འཕྲུལ་གར། །
བློ༵་གྲོ༵ས་རྒྱ༵ལ་མཚ༵ན་༧ཞབས་པད་སྲིད་མཐར་བརྟན། །
བསྟན་འགྲོར་ཕན་བདེའི་ཕྲིན་ལས་ཀུན་ཁྱབ་ཤོག །
ཅེས་པའང་ལས་རབ་གླིང་གི་བསོད་རྒྱལ་རིན་པོ་ཆེས་དབུས་རིག་པ་ཆོས་ཚོགས་ནས་རྟེན་བཅས་ཇི་ལྟར་བསྐུལ་མ་གནང་བ་བཞིན་རང་ཉིད་ཀྱང་གུས་སྤྲོས་རྟགས་ཙམ་གྱི་ཤཱཀྱའི་དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་ ༢༠༠༥ ཤིང་བྱ་ཟླ་ ༡༠ ཚེས་ ༦ དགེ་བར་བྲིས་ཤིང་སྨོན་པ་ཛཡནྟུ།། །།