The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Pema Rigtsal Rinpoche Long-Life Prayer—Tibetan

English | བོད་ཡིག

༄༅། །མཆོག་སྤྲུལ་༧པདྨ་རིག་རྩལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭསྟི། །

བལྟ་བས་ཆོག་མི་ཤེས་པ་མཚན་དཔེའི་སྐུ། །

པདྨ་རཱ་གའི་འོད་ཟེར་འབར་བ་ཅན། །

འཕོ་བྲལ་ནམ་མཁའི་རང་བཞིན་ཚེ་ཡི་ལྷས། །

དེང་འདིར་ཤིས་པའི་མེ་ཏོག་ཆར་དུ་ཕོབས། །

 

མཉམ་མེད་སྟོན་པ་ཐུབ་པའི་དབང་པོ་དང་། །

ཡེ་ཤེས་ལུས་ཅན་པདྨ་སཾ་བྷ་ཝའི། །

མདོ་སྔགས་བསྟན་པ་འགལ་མེད་ཟུང་འཇུག་ཏུ། །

རང་བྱུང་རིག་པའི་རྩལ་གྱིས་འཛིན་བྱས་ཤིང་། །

 

འབྲེལ་བཅས་འགྲོ་རྣམས་འཁོར་བའི་ཚ་གདུང་ལས། །

སྐྱོབ་པའི་གྲིབ་བསིལ་རྣམ་མཁྱེན་ཞི་བའི་ས། །

གང་དུ་དཀྲི་བའི་བློ་གྲོས་མཚུངས་པ་མེད། །

པདྨ་རིག་རྩལ་རྡོ་རྗེ་ཞབས་བརྟན་གསོལ། །

 

ཕྱོགས་དུས་རྒྱལ་རྣམས་དགྱེས་པ་བསྐྱེད་པའི་ལས། །

རྨད་བྱུང་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །

རྒྱལ་བསྟན་སྤྱི་དང་རྡོ་རྗེ་ཐེག་པ་ཡི། །

བསྟན་པའི་རྒྱལ་མཚན་བསྒྲེང་ཁྱོད་ཞབས་བརྟན་གསོལ། །

 

དཔལ་ལྡན་བླ་མའི་སྐུ་ཚེ་ཡུན་དུ་བརྟན། །

སློབ་བུའི་ཚོགས་རྣམས་ཐུགས་མཐུན་ཆོས་ཁྲིམས་གཙང་། །

སྦྱིན་བདག་ཚོགས་རྣམས་ཚོགས་གཉིས་རབ་རྫོགས་ཏེ། །

འགྲོ་ཀུན་གཏན་བདེའི་ས་ལ་ཕྱིན་གྱུར་ཅིག །

 

ཅེས་དད་ལྡན་ཀརྨ་ཚེ་དབང་ནས་དར་བཅས་བསྐུལ་ངོར་མེ་ཡོས་ཟླ་བ་དྲུག་པའི་ཚེས་བཞི་རྒྱལ་བས་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཚེས་ཤིན་ཏུ་དགེ་བའི་ཉིན་ཕྲིན་ལས་ནོར་བུས་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

 

གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ།

Tulku Pema Rigtsal Rinpoche

Further information:

BDRC Author Profiles: P737 P3JM117

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept