Sukhāvatī Aspiration—Tibetan
༄༅། །བདེ་སྨོན།
དུས་གསུམ་རྒྱལ་བའི་སྤྱི་གཟུགས་འོད་དཔག་མེད། །
མཆོག་གི་ཞིང་ཁམས་བདེ་ལྡན་པདྨ་བཀོད། །
བདག་སོགས་འབྲེལ་བཅས་སྐྱེ་གཞན་བར་མ་ཆོད། །
བརྫུས་འཁྲུངས་སྟོན་པའི་ཞལ་མཐོང་ལུང་བསྟན་ཐོབ། །
བྱང་ཆུབ་སྤྱོད་པ་མཐར་ཕྱིན་འགྲོ་བའི་དོན། །
ཡོངས་གྲུབ་མཐར་ཐུག་རྫོགས་སངས་རྒྱས་ཐོབ་ཤོག །
ཅེས་སི་ཏུ་པདྨ་ཉིན་བྱེད་དབང་པོས། ལྷ་མགར་ཀརྨ་བཟང་པོའི་ངོར་སྤེལ་བ་དགེའོ།། །།