The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Long-Life Prayer for Gakar Tulku—Tibetan

English | བོད་ཡིག

༄༅། །གད་དཀར་མཆོག་སྤྲུལ་ཀུན་བཟང་ཁྱབ་བརྡལ་ཀློང་གྲོལ་གྱི་རིང་འཚོའི་ཞབས་བརྟན་གསོལ་འདེབས་བསྟན་འཛིན་དབུ་འཕང་དགུང་བསྟོད།

 

ཨོཾ་སྭསྟི།

རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །

ཐུབ་དབང་དོན་ཀུན་གྲུབ་དང་མཚོ་སྐྱེས་རྗེའི། །

ཐུགས་བསྐྱེད་སྙིགས་མའི་འགྲོ་ལ་རབ་དགོངས་ནས། །

བསྟན་དང་དེ་འཛིན་དབུ་འཕང་དགུང་དུ་བསྟོད། །

 

རིང་ནས་ཀུན་ཕན་བྱང་སེམས་གོམས་པའི་མཐུས། །

མཁས་བཙུན་བཟང་གསུམ་བསྟན་པའི་དཔལ་གྱུར་བ། །

ཐོས་བསམ་མཐར་སོན་བཤད་དང་སྒྲུབ་པའི་སྡེ། །

ཕ་མཐར་ཁྱབ་ཅིང་བརྡལ་ཕྱིར་ཞབས་བརྟན་གསོལ། །

 

རོང་ཀློང་གཉིས་གཙོས་སྔ་འགྱུར་བརྒྱུད་པའི་སྲོལ། །

རིག་འཛིན་གོང་མའི་རྣམ་ཐར་ཇི་བཞིན་དུ། །

ཐེག་གསུམ་ལུང་དང་རྟོགས་པས་རང་རྒྱུད་གྲོལ། །

གཞན་ཕན་མཛད་འཕྲིན་རབ་ཏུ་འཕེལ་གྱུར་ཅིག །

 

ཅེས་པའང་གད་དཀར་སྤྲུལ་སྐུ་ཀུན་བཟང་ཁྱབ་བརྡལ་ཀློང་གྲོལ་མཆོག་ལ་རིང་འཚོའི་ཞབས་བརྟན་སྨོན་ཚིག་དགོས་ཞེས་གཅེན་རིག་པ་འཛིན་པ་ཧཱུྃ་ཏྲཱྃ་ནས་རྟེན་བཅས་བསྐུལ་ངོར། རབ་འབྱམས་བདུན་པའི་མཚན་འཛིན་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེས། བོད་རབ་གནས་ཤིང་འབྲུག་ཆུ་སྟོད་ཟླ་བའི་ཚེས་བཞི་བཟང་པོར་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

 

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

Gakar Tulku

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept