The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Chime Rinpoche Long-Life Prayer—Tibetan

English | Deutsch | བོད་ཡིག

༄༅། །ར་བརྡ་འཆི་མེད་གཡུང་དྲུང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

 

ཨོཾ་སྭ་སྟི།

འཆི་མེད་མི་ཤིགས་ཐིག་ལེ་ཡེ་ཤེས་སྐུ། །

འཆི་མེད་གསུང་གི་རྡོ་རྗེ་ཚེ་མཐའ་ཡས། །

འཆི་མེད་རིག་འཛིན་གྲུབ་པའི་ཚོགས་བཅས་ཀྱིས། །

འཆི་མེད་སྐུ་གསུང་ཐུགས་སུ་ཡོངས་གྲུབ་མཛོད། །

 

འགྱུར་མེད་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་། །

དཔལ་ལྡན་བླ་མ་ཟག་བྲལ་མཚན་དཔེ་སྐུ། །

སྐྱེ་འཆི༵་འཇིགས་བྲལ་འགྲོ་ཁམས་མ་སྟོང་བར། །

མི་འགྱུར་མི་ཤིགས་རྡོ་རྗེ་ལྟ་བུར་བཞུགས། །

 

གསུང་གི་དབང་ཕྱུག་འོད་སྣང་ཚེ་མཐའ་ཡས། །

དཔལ་ལྡན་བླ་མ་གྲགས་སྟོང་ན་དའི་སྒྲ། །

འགག་མེད༵་ཚངས་དབྱངས་སྡེ་སྣོད་རྒྱ་མཚོའི་གསུང་། །

ཆད་མེད་ཆོས་འཁོར་བསྐོར་བཞིན་རྟག་བཞུགས་གསོལ། །

 

འཕོ་མེད་དབྱིངས་རིག་ཡང་དག་ཡེ་ཤེས་སེམས། །

ལྷུན་གྲུབ་བདེ་བ་ཆེན་པོའི་རང་མདངས་སུ། །

མཁྱེན་བརྩེའི་རང་བཞིན་འགྱུར་བ་མེད་པའི་ཐུགས། །

ཟབ་གསལ་གཉིས་སུ་མེད་པར་རྟག་བཞུགས་གསོལ། །

 

ཞེས་པའང་འབྲུག་པ་ཀརྨ་དབང་འདུས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཞེ་ཆེན་མཁན་པོ་གང་ཤར་གྱི་དངོས་སློབ་ར་བརྡ་འཆི་མེད་གཡུང་དྲུང་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སུ་ཞེ་ཆེན་རབ་འབྱམས་སྤྲུལ་མིང་པས་གང་གི་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་གྲོང་ཁྱེར་ནིཡུ་ཡོག་ནས་ཟླ་ ༨ པའི་ཚེས་ ༢༠ ལ་སྤེལ་བའོ།།

 

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

Chimé Rinpoche

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept