The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Beat of the Vajra Drum—Tibetan

English | བོད་ཡིག

༄༅། །གསོལ་འདེབས་རྡོ་རྗེའི་རྔ་སྒྲ།

 

སྐལ་ལྡན་བདག་གི་མགོན་མཆོག་བཀའ་དྲིན་ཅན། །

དུས་གསུམ་རྒྱལ་བ་མ་ལུས་ཀུན་འདུས་པའི། །

ཨོ་རྒྱན་པདྨ་འབྱུང་གནས་ཁྱེད་བསྙེན་ན། །

བུ་གཅིག་མ་བཞིན་ཐུགས་རྗེས་རྟག་སྐྱོང་སྟེ། །

 

ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་ཞིང་། །

འདོད་པའི་དོན་རྣམས་མ་ལུས་ལྷུན་གྱིས་གྲུབ། །

བསྟན་འགྲོར་སྨན་པའི་བསམ་སྦྱོར་མཐར་ཕྱིན་ནས། །

མགོན་ཁྱོད་དགོངས་པ་བསྐོང་ནུས་བྱིན་གྱིས་རློབས། །

 

རང་རིག་དོན་གྱི་གུ་རུ་བདེ་བ་ཆེ། །

སྙིང་དབུས་འདབ་བརྒྱད་པདྨ་ལྷན་སྐྱེས་སུ། །

གདོད་ནས་ཡེ་ཤེས་རྡོ་རྗེ་སྙིང་པོའི་སྲོག །

རྟག་བརྟན་འཕོ་འགྱུར་བྲལ་འདི་ཨེ་མ་ཧོ། །

 

ཞེས་པའང་གུ་རུའི་སྦས་ཡུལ་པད་མ་བཀོད་བདེ་བའི་ཀོ་ཏྲར་གནས་འབྲེལ་དུ་འགྲོ་སྐབས་ཞེ་ཆེན་མཁན་སྤྲུལ་གུ་ཚེ་ནས་སྔོན་ནས་རེ་བསྐུལ་བྱས་པ་ལྟར་རབ་འབྱམས་བདུན་པའི་མཚན་ཙམ་འཛིན་པ་འགྱུར་མེད་ཆོས་སེང་ནས་བྲིས་པའོ།། །།

 

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept