Pacifying the Turmoil of the Mamos—Tibetan
༄༅། །འཁྲུགས་སྐོང་བསྡུས་པ་ནི།
བྷྱོཿ སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །
བདེ་སྟོང་ཟག་མེད་མཆོད་གཏོར་འདི་འབུལ་བས། །
ཕྱི་ནང་མ་མོ་འཁྲུགས་པའི་ཉེས་ཀུན་ཞི། །
ལྷན་སྐྱེས་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །
སརྦ་ཌཱ་ཀ་ཌཱ་ཀི་ནི་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི།
ཨོཾ་བཛྲ་ས་ཏྟྭ་ཨཱཿ
ཞེས་པའང་ཟབ་ལུང་པདྨ་ལྷ་རྩེར་༼གཙང་གི་ཤང་ཟབ་བུ་ལུང་༽དགོས་གལ་བྱུང་ནས་ལྕགས་བྱ་ཟླ་ཚེས་ཉེར་བརྒྱུད་ལ་སྔགས་བཙུན་པདྨ་དགྱེས་པས་༼ཞེ་ཆེན་རྒྱལ་ཚབ་༽གང་ཤར་བཅོས་མེད་དུ་བྲིས་པ་དགེ།།