The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Ārya Tārā—Tibetan

English | བོད་ཡིག

༄༅། །ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ འཕགས་མའི་གསོལ་འདེབས་འཇིགས་པ་ཀུན་སྐྱོབ་བཞུགས༔

 

ཨེ་མ་ཧོ༔

ཀ་དག་སྤྲོས་བྲལ་འོད་གསལ་རིག་པའི་དབྱིངས༔

ལྷུན་གྲུབ་སྣང་ཆ་མ་འགགས་སྒྱུ་འཕྲུལ་གར༔

ཐུགས་རྗེ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ༔

རྗེ་བཙུན་ཨཱརྱ་ཏཱ་རེ་ཚེ་སྦྱིན་དཔལ༔

གསོལ་བ་འདེབས་སོ་རླུང་སེམས་དབང་བསྡུས་ནས༔

ཚེ་དང་བསོད་ནམས་འཕེལ་བར་མཛད་དུ་གསོལ༔

ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་མ་མ་ཨ་ཡུར་ཛྙཱ་ན་སིདྡྷི་བྷྲཱུྃ་སྭཱ་ཧཱ༔

ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔

བདག་གི་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔

འཇིགས་པ་བཅུ་དྲུག་རྐྱེན་ངན་བར་ཆད་སོལ༔

འགྲོ་ལ་གནོད་པའི་གདོན་འགེགས་འབྱུང་པོ་ཐུལ༔

བསྟན་ལ་འཚེ་བྱེད་དམ་སྲི་མ་ལུས་པ༔

མ་ཁྱོད་ཐུགས་རྗེ་ནུས་མཐུའི་སྟོབས་རྩལ་གྱིས༔

མ་ལུས་ཞི་ཞིང་བསྟན་པ་རྒྱས་པར་མཛོད༔

བསྟན་འཛིན་དམ་པའི་སྐུ་ཚེ་བསྲིང་བ་དང་༔

དགེ་འདུན་སྡེ་ཚོགས་འཕེལ་བར་བྱིན་གྱིས་རློབས༔

 

ཞེས་པ་འདི་ཡང་སྤྲུལ་སྐུ་རིན་པོ་ཆེའི་བཀའ་ཕེབས་མ་བཅག་ཙམ་དུ་སྤྲང་མོ་སྐལ་བཟང་སྒྲོན་མའི་མིང་གིས་བྲིས་ནས་ཕུལ་བའོ།། དགེའོ།། །།

 

སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།

Ārya Tārā

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept