Drimé Özer Long-Life Prayer—Tibetan
Long-Life Prayers
Ḍākinī Treasury
བོད་ཀྱི་བླ་མ།
སེ་ར་མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ།
དྲི་མེད་འོད་ཟེར།
༄༅། །ཞབས་བརྟན་གསོལ་འདེབས།
ཨེ་མ་ཧོ།
སྐུ་གསུམ་རིགས་འདུས་པདྨ་ཐོད་ཕྲེང་རྩལ། །
ཐུགས་ཀྱི་རྣམ་འཕྲུལ་དཔའ་བོ་ཧེ་རུ་ཀ །
བསྟན་པའི་སྒྲོན་མེ་དྲི་མེད་རྒྱལ་བའི་སྲས། །
འགྲོ་བའི་མུན་སེལ་འོད་གསལ་འོད་ཟེར་གྱིས། །
བསྟན་འགྲོའི་མཛད་ཕྲིན་ཕྱོགས་བཅུར་རྒྱས་པ་དང་། །
སྐུ་ཚེ་བསྐལ་པའི་བར་དུ་རབ་བརྟན་ནས། །
རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་སྩོལ། །
ན་མོ་རཏྣ་ཏྲ་ཡཱ་ཡ།
ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།
ཞེས་པ་འདི་ཡང་བསོད་ནམས་དབང་ཕྱུག་གིས་བསྐུལ་ངོར་ཀུ་སཱ་ལིའི་རྫུན་རིས་སོ། །དགེའོ།། །།