Brief Gesar Invocation and Offering—Tibetan
འུྃ༔ དག་སྣང་ལས་གེ་སར་གསོལ་མཆོད་བསྡུས་པ་བཞུགས༔
ན་མོ་པདྨ་ཀྲོ་ཏ་ཡེ༔
དཀར་གསུམ་གསེར་སྐྱེམས་ཕུད་བཤམས་ལ༔ ཏིང་ངེ་འཛིན་གྱིས་བདུད་རྩིར་བསྒྱུར༔ ལྷ་ཡི་ས་མ་ཏི་ཡི་ངང་༔
ཧཱུྃ༔ རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ༔
དགྲ་བླ་བཅུ་གསུམ་ཝེར་མའི་ཚོགས་དང་བཅས༔
འདིར་གཤེགས་དམ་ཚིག་གསང་བའི་གནས་འདིར་བཞུགས༔
ཕྱི་ནང་གསང་མཆོད་འདོད་ཡོན་མཆོད་པ་བཞེས༔
རྣལ་འབྱོར་ལས་ཀུན་ཐོགས་མེད་འགྲུབ་པ་དང་༔
ཟབ་གཏེར་བསྟན་པ་མཐའ་རྒྱས་ཕྲིན་ལས་མཛོད༔
ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔
ཞེས་བརྗོད་གྲངས་ལྡན་བརྩོན་ནུས་ན༔ གང་བསམ་མྱུར་དུ་འགྲུབ་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཞེས་པ་འདི་ཡང་བདེ་བའི་གོ་ཆས་གདམས་བཞིན་བདེ་ཆེན་བདེ་བའི་རྡོ་རྗེས་ཉམས་ཆོས་ཡིག་རིས་སུ་བྲིས་པའོ།།