As Those Who Possess Bodhicitta…—Tibetan
༄༅། །བྱང་ཆུབ་སེམས་དང་ལྡན་པ་སོགས།
བྱང་ཆུབ་སེམས་དང་ལྡན་པའི་སྐྱེས་བུ་ཡིས། །
ཐུགས་བསྐྱེད་དམ་བཅའ་མི་ཉམས་བསྟན་འགྲོའི་དོན། །
སྐལ་མེད་ཐར་པའི་ས་བོན་འདེབས་པ་ལ། །
དམ་ཅན་རྒྱ་མཚོས་རུ་ང་ཕྲག་དོག་སྤོངས། །
ཤིན་ཏུ་གདུལ་དཀའ་ལས་འབྲེལ་མེད་པའི་རིགས། །
བཀའ་སྲུང་དྲེགས་པའི་ཟ་ཁ་ཟུག་པ་ལ། །
ཕྱི་ཚུལ་འཇམ་པོས་འབྲེལ་བ་བཞག་ན་འང་། །
བཀའ་སྡོང་ཕོ་ཉའི་ཚོགས་ཀྱིས་ཟ་ངུ་གྱིས། །
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །
རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་སྤེལ། །
དམག་ཇག་ཆོམ་པོའི་ལས་ངན་རྒྱུན་ཆད་ནས། །
བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །
འདི་མཚམས་སྤྲུལ་རིན་པོ་ཆེ་མགོ་ལོག་ཏུ་ཕེབས་སྐབས་དཔལ་སྤྲུལ་པས་སོ།།