The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Invocation of the Vidyādhara Gurus—Tibetan

English | བོད་ཡིག

༄༅། །བླ་མ་རིག་འཛིན་བསྐུལ་བ་བཞུགས།

 

ཧཱུྃྂ༔ རྡོ་རྗེ་ཕུར་བའི་རིག་འཛིན་རྣམས༔

སྲིད་པའི་ཕུར་བ་བདག་བསྒྲུབ་ཀྱི༔

སྔོན་གྱི་ཇི་ལྟར་རྟགས་བསྟན་བཞིན༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

སློབ་དཔོན་པྲ་བྷ་ཧསྟི་ཡིས༔

གསེར་གླིང་མུ་སྟེགས་བསྒྲལ་བའི་ཚེ༔

ཇི་ལྟར་རྟགས་བསྟན་སྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

སློབ་དཔོན་དྷ་ན་སཾ་སྐྲི་ཏས༔

ལྷ་ཆེན་གནས་པའི་རྟེན་རྣམས་ལ༔

ཇི་ལྟར་རྟགས་བསྟན་སྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔

གནམ་ལྕགས་ཡོད་པའི་རི་རྩེ་ནས༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

སློབ་དཔོན་ཧཱུྃྂ་ཆེན་ཀཱ་ར་ཡིས༔

བསིལ་བ་ཚལ་གྱི་དུར་ཁྲོད་ནས༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

སློབ་དཔོན་པདྨ་འབྱུང་གནས་ཀྱིས༔

རྒྱ་གར་ཙནྡན་ནགས་ཁྲོད་ལ༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

སློབ་དཔོན་བི་མ་མི་ཏྲ་ཡིས༔

གངྒཱ་ལ་ཡི་ཆུ་བོ་ལ༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

བལ་འབངས་ཀ་ལ་སིདྡྷི་ཡིས༔

མནྟྲ་ལ་ཡི་མཁའ་གོང་དུ༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

མཁར་ཆེན་ཡེ་ཤེས་ཚོ་རྒྱལ་གྱིས༔

དགུང་གི་ཕོ་རོག་ནག་ཆུང་ལ༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

ཆོས་རྒྱལ་ཡབ་སྲས་རྣམ་བཞི་ཡིས༔

ཕྱི་ནང་བདུད་དགྲ་བཏུལ་བའི་ཚེ༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔

 

མཆིམས་སྟོན་ཤཱཀྱ་པྲ་བྷ་ཡིས། །

ཡར་ལུང་བགེགས་ཀྱི་ཕུག་ཆུང་དུ།

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

ཤུད་བུ་དཔལ་གྱི་སེངྒ་ཡིས། །

འོན་ཤང་མདོ་ཡི་བྲག་དམར་ལ། །

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས། །

ཧས་པོ་རི་ཡི་ཡང་གོན་དུ། །

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

མཁར་ཆེན་དཔལ་གྱི་དབང་ཕྱུག་གིས།

རྩིབས་ཀྱི་སྤྱང་ཀི་སྔོན་པོ་ལ། །

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

འཁོན་སྟོན་ཀླུ་དབང་བསྲུང་བ་ཡིས། །

ལྷ་ས་ཡེར་པའི་བྲག་ཕུག་ཏུ། །

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

པདྨ་མདོ་སྔགས་གླིང་པ་ལ༔ །

མན་ངག་བཀའ་བབ་བརྙེས་པའི་ཚེ། །

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

སྔོན་གྱི་རིག་འཛིན་ཐམས་ཅད་ཀྱིས༔

ཇི་ལྟར་སྒྲུབས་བཞིན་དེང་བསྒྲུབ་ཀྱི༔

ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །

ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །

 

ཅེས་ཨོ་རྒྱན་སྟོབས་རྒྱལ་གྱིས་བསྒྲིགས་པའོ།།

 

ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ།

Vajrakīlaya

Further information:

BDRC Author Profiles: P8LS75362 P625

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept