The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Takhyung Barwa Prayer—Tibetan

English | བོད་ཡིག

༄༅། །ཀློང་ཆེན་སྙིང་ཐིག་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་གསོལ་འདེབས།

 

རྒྱལ་བ་ཀུན་བཟང་སྟོན་མཆོག་རྡོ་རྗེ་སེམས། །

དགྱེས་པ་རྡོ་རྗེ་དཔལ་གྱི་སེངྒེའི་ཞབས། །

མཉྫུ་མི་པྲ་ཛྙཱ་ན་སུ་ཏྲ་ལ། །

གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །

 

བི་མ་པད་འབྱུང་ཐུགས་སྲས་རྗེ་འབངས་གྲོགས། །

ཀློང་ཆེན་རབ་འབྱམས་ཀུན་མཁྱེན་འཇིགས་མེད་གླིང་། །

སྐྱབས་ཀུན་ཡོངས་འདུས་རྩ་བའི་བླ་མ་ལ། །

གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན། །

 

རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་། །

འདུལ་དཀའི་གཤེད་དུ་འཆོལ་བའི་ཁྲོ་རྒྱལ་སྐུར། །

ཡོངས་ཤར་དྲག་པོ་རྟ་ཁྱུང་དཀྱིལ་འཁོར་ལྷར། །

གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ། །

 

རང་ངོ་མ་མཐོང་གཉིས་འཛིན་ལས་ཀྱི་གདངས། །

སྣ་ཚོགས་ཡུལ་ལ་འཕོས་པའི་རྐྱེན་སྣ་ཚོགས། །

གཉིས་འཛིན་མཉམ་པ་ཆེན་པོར་རང་གྲོལ་ནས། །

ལྷུན་གྱིས་གྲུབ་པའི་རིག་འཛིན་མཆོག་བརྙེས་ཤོག །

 

ཅེས་པའང་ཆོས་གཟུགས་ནམ་མཁའ་ཚེ་དབང་མཆོག་སྒྲུབ་པས་བྲིས་པ་མངྒལཾ། །

 

ནམ་མཁའ་ཚེ་དབང་མཆོག་གྲུབ།

རྟ་ཁྱུང་འབར་བ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept