The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Descent of Blessings—Tibetan

English | བོད་ཡིག

༄༅། །འཛམ་གླིང་སེང་ཆེན་རྒྱལ་པོའི་ཐུགས་རྗེ་བྱིན་འབེབས་བཞུགས།

 

ཧྲཱིཿ  རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི། །

ཐུགས་རྗེའི་སྐུ་སྤྲུལ་འཛམ་གླིང་སེང་ཆེན་རྗེ། །

དགྲ་ལྷ་ཝེར་མ་དཔའ་རྟུལ་དྭངས་སྨན་བཅས། །

མོས་གུས་གདུང་ཤུགས་དྲག་པོས་སྤྱན་འདྲེན་ན། །

ཐུགས་རྗེས་བརྩེ་དགོངས་ད་ལྟ་འདིར་གཤེགས་ལ། །

སྙིགས་མ་ལྔ་ལྡན་དུས་ཀྱི་ཐ་མ་འདིར། །

ཁྱེད་ལས་རེ་ས་སྐྱབས་གནས་གཞན་མེད་པར། །

ཆོས་ལྡན་རིགས་ཀྱི་མྱུ་གུ་བསྲུང་བའི་ཕྱིར། །

མངོན་སུམ་བྱིན་རླབས་ཆེན་པོའི་བརྡ་རྟགས་བཅས། །

སྐལ་ལྡན་འདི་ལ་ཐུགས་རྗེས་བྱིན་གྱིས་རློབས། །

ལུས་ལ་དགྲ་བླ་ཝེར་མའི་དཔའ་མཁར་ཆོས། །

སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་བརླབས་ནས། །

བློ་གྲོས་སྤོབས་པ་མཐུ་སྟོབས་ནུས་པ་བསྐྱེད། །

ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་ཡི། །

ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ། །

སྔགས་བྱིན་འབེབས་བཅས་བྱའོ། །

 

འཇམ་དཔལ་རྡོ་རྗེས་སོ། །

 

མི་ཕམ་རིན་པོ་ཆེ།

Gesar Series

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept