Offering Prayer to Mahādeva and Consort—Tibetan
༄༅། །ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གསོལ་བསྡུས།
ཧྲཱིཿ སྲིད་གསུམ་དབང་མཛད་དབང་གི་ལྷ་ཆེན་པོ། །
དབང་ཕྱུག་ཡབ་ཡུམ་གསང་བའི་ཌཱ་ཀི་བཞི། །
བཀའ་སྡོད་དྲེགས་པའི་ལྷ་ཆེན་འཁོར་དང་བཅས། །
གསོལ་ལོ་མཆོད་དོ་དབང་གི་ཕྲིན་ལས་སྒྲུབས། །
མི་ཕམ་པས་སོ།།