Prayer to His Holiness the Dalai Lama—Tibetan
English | Español | Français | བོད་ཡིག
༄༅། །གོང་ས་སྐྱབས་མགོན་ཆེན་པོ་ལ་གསོལ་འདེབས།
རྒྱལ་ཀུན་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས། །
ཐོགས་མེད་ཕྲིན་ལས་རྩལ་མཛད་པདྨ་འབྱུང་། །
གཅིག་འདུས་ངོ་བོ་གངས་ཅན་བསྟན་འགྲོའི་མགོན། །
བསྟན་འཛིན་རྒྱ་མཚོ་ཞབས་ལ་གསོལ་བ་འདེབས། །
ཅེས་པ་འདི་ནི་ཀླུ་རབ་པ་སྤྲུལ་མིང་འཛིན་པ་པདྨ་བློ་གྲོས་རྒྱལ་མཚན་ནས་བླ་མའི་ངོ་འཕྲད་པར་སྣང་བ་འཕེལ་ཏེ། སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་ཆེན་པདྨ་ཡང་རྩེར་མེ་ཁྱི་ཟླ ༢ ཚེས ༢༥ བཟང་པོ་ལ་དགེ་ལེགས་རྣམ་རྒྱལ་ལ་གནང་བའོ།།