Twelve and a Half Crippled Verses—Tibetan
༄༅། །ཚིགས་བཅད་འཐེང་པོ་ཕྱེད་དང་བཅུ་གསུམ།
བླ་མ་རྗེ་བཙུན་པ་དང་དཔལ་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །
མི་ལུས་ཐོབ།
དབང་པོ་ཚང་།
ན་སོ་གཞོན།
ཆོས་དང་ཕྲད་པ་འདི་ངོ་མཚར་ཆེ།
གདམས་ངག་ཆེ།
བརྒྱུད་པ་བཟང་།
ཐུགས་རྗེ་མངའ།
རྗེ་དང་ཕྲད་པ་འདི་ངོ་མཚར་ཆེ།
མན་ངག་ཤེས།
བྱ་བ་བཏང་།
རི་ཁྲོད་འགྲིམ།
ཉམས་སུ་ལེན་པ་འདི་ངོ་མཚར་ཆེ།
གཅིག་པུར་སྡོད།
སྒོམ་སྲན་ཆེ།
རེ་དོགས་ཆུང་།
ཉམས་སུ་མྱོང་བ་འདི་ངོ་མཚར་ཆེ།
ལྷོད་ཀྱིས་གློད།
ཙེན་གྱིས་བཞག
དམིགས་གཏད་མེད།
ཆོས་སྐུ་མཐོང་བ་འདི་ངོ་མཚར་ཆེ།
བསྒོམ་རྒྱུ་མེད།
གོམས་པར་བྱས།
མངོན་དུ་གྱུར།
མཉམ་རྗེས་མེད་པ་འདི་ངོ་མཚར་ཆེ།
གཞི་རྩ་མེད།
རྣམ་རྟོག་དྭངས།
བདག་འཛིན་ཞིག
བྱང་ཆུབ་ཐོབ་པ་འདི་ངོ་མཚར་ཆེ།
སྟོང་ཉིད་རྟོགས།
སྙིང་རྗེ་ཤར།
སྨོན་ལམ་གྲུབ།
གཞན་དོན་བྱེད་པ་འདི་ངོ་མཚར་ཆེ།
སྦྲང་བན་ཞང་།
མང་ངག་མཁས།
སྒྲོ་འདོགས་ཆོད།
ཆིག་རྐྱ་ཕེར་བ་འདི་ངོ་མཚར་ཆེ།
བུ་སློབ་རྣམས།
བརྩེ་གདུང་ཆེ།
ཅི་སྨྲས་ཉན།
དམ་ཚིག་གཙང་བ་འདི་ངོ་མཚར་ཆེ།
སྦྲང་བན་ཞང་གི་ཚིགས་བཅད་འཐེང་པོ་ཕྱེད་དང་བཅུ་གསུམ་གྱི་གླུ་ཆུང་།། །།