The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Lerab Lingpa Guru Yoga—Tibetan

English | བོད་ཡིག

༄༅༔ ལས་རབ་གླིང་པའི་བླ་མའི་རྣལ་འབྱོར་སྲོག་གི་ལྗོནཔ་བཞུགས༔

 

མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་༔

རྡོ་རྗེ་བདུད་འཇོམས་སྨུག་ནག་ཁྲོས་འཛུམ་ཅན༔

ཕྱག་གཉིས་ས་གནོན་ཕྱག་རྒྱ་མཛད༔

བལྟ་སྟངས་ནམ་མཁའི་ཁམས་ལ་གཟིགས༔

 

དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔

བྱིན་བརླབས་ངོ་བོ་འདུས་པའི་དཔལ༔

སྐྱབས་ཀུན་འདུས་པའི་བདག་ཉིད་ཅན༔

མོས་གུས་དྲག་པོས་གསོལ་བ་འདེབས༔

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔

 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

 

པདྨ་འབྱུང་གནས་སྐུ་ཡི་གར༔

རྡོ་རྗེ་ཕག་མོའི་གསུང་གི་མཛོད༔

རྡོ་རྗེ་བདུད་འཇོམས་ཐུགས་ཀྱི་ཀར༔

ལས་རབ་གླིང་པས་བྱིན་གྱིས་རློབས༔

 

དབང་བསྐུར་བྱིན་རློབས་སྒྲིབ་བཞི་དག༔

སྐུ་བཞི་ཡེ་ཤེས་ལྔ་ཡི་ངང་༔

 

རྒྱ་ཡན་ཁྱབ་བདལ་ངང་དུ་ཨཱ༔

 

ཞེས་ཅི་གནས་སུ་མཉམ་པར་བཞག་ལ་མཐར་དགེ་བ་བསྔོ་བར་བྱའོ༔

 

ཅེས་པར་འདིའང་སཱུརྱའི་མིང་གིས་ཐོལ་བྱུང་དུ་སྨྲས་པ་དགེ༔

 

བླ་མ་རིག་འཛིན་ཉི་མ།

Tertön Sogyal Lerab Lingpa

Further information:

BDRC Author Profiles: P10135 P5970

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept