Prayer from an Air Conditioner—Tibetan
༄༅། །བསིལ་གློག་ལས་བསྒྲགས་ལྟར་གསོལ་འདེབས།
ཁྱབ་བདག་འཇམ་པའི་རྡོ་རྗེར། །
གསོལ་བ་སྙིང་ནས་འདེབས་སོ། །
བྱིན་རླབས་ཡེ་ཤེས་མཆོག་གིས། །
བདག་རྒྱུད་གང་བར་མཛོད་ཅིག །
ཅེས་པ་འདི་ནི་རྒྱ་གར་རྒྱལ་ས་ཉི་འོད་ལྡེ་ལིར་སྡོད་སྐབས་དུས་ཚོད་གཅིག་ལྷག་ཙམ་གྱི་ཡུན་ལ་བསིལ་གློག་གི་སྒྲ་ལས་ཚིགས་བཅད་འདི་བར་མ་ཆད་དུ་གསལ་པོར་བསྒྲགས་པ་ལྟར་ངག་དབང་བློ་གྲོས་མཚུངས་མེད་པས་ཡི་གེར་བཀོད་པ་དགེའོ། །ལྕགས་རྟ་ཟླ་༤ ཚེས་༢༠ ལ།། །།