Prayer to Pacify Conflict—Tibetan
༄༅། །དམག་འཁྲུག་ཞི་བའི་གསོལ་འདེབས་བཞུགས་སོ།།
ཆོས་རྒྱལ་རིགས་ལྡན་དུ་མའི་འགྲོ་བའི་མགོན། །
འཇམ་དབྱངས་སྤྲུལ་པ་དྲག་པོའི་འཁོར་ལོ་ཅན། །
གསོལ་བ་འདེབས་སོ་མཐའ་དམག་གནས་ནས་བསྐུལ། །
མཐའ་དམག་དུས་འཁྲུགས་ཞི་བར་བྱིན་གྱིས་རློབས། །
ཞེས་རྒྱམ་རྡོ་ཏིག་ཞབས་བསྐོར་བྱོན་སྐབས་གསུངས་སོ།།