The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Akhyuk Rinpoche—Tibetan

English | བོད་ཡིག

༄༅། །བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེ་ལུང་རྟོགས་རྒྱལ་མཚན་གྱི་གསོལ་འདེབས། །

 

ཨོཾ་སྭ་སྟི། །

འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཤཱནྟི་པ། །

བོད་ཡུལ་པདྨས་རྗེས་བཟུང་འབྲོག་མི་དང་། །

ལང་གྲོ་ལོ་ཙཱ་རྒྱལ་བ་མཆོག་དབྱངས་སོགས། །

གྲུབ་པའི་རིག་འཛིན་རྣམས་ཀྱི་རྣམ་སྤྲུལ་པ། །

སྙིགས་དུས་རྒྱལ་བའི་དབང་པོ་ཀློང་ཆེན་དང་། །

ཀློང་གསལ་དཔལ་གྱི་སྤྲུལ་པ་བཤེས་གཉེན་ཚུལ། །

རིག་འཛིན་གོང་མ་རྣམས་ཀྱིས་ཡོངས་བསྔགས་པ། །

རྫོགས་ཆེན་བསྟན་པའི་སྙིང་པོ་འགྲོ་ལ་སྤེལ། །

ལུང་རྟོགས་རྩ་བའི་བླ་མར་གསོལ་བ་འདེབས། །

སྐྱེ་དང་ཕྲེང་བ་ཚེ་རབས་ཐམས་ཅད་དུ། །

མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་བར། །

རྫོགས་སྨིན་སྦྱང་བ་རྒྱ་མཚོ་མཐར་ཕྱིན་ནས། །

སྐྱེ་འཆི་བར་དོའི་འཁྲུལ་སྣང་དབྱིངས་སུ་དག །

འགྲོ་རྣམས་བདེ་ཆེན་ཞིང་ལ་ལོངས་སྤྱོད་ཤོག །

 

ཁྲེལ་མེད་གཤོབ་རྒན་གྱིས་སློབ་བུ་རྣམས་ལ་དག་སྣང་སྐྱེ་བའི་ཕྱིར་བྲིས་པ་དགེའོ།། སརྦ་མངྒ་ལམ།།

 

མཁན་པོ་ཨ་ཁྱུག་ལུང་རྟོགས་རྒྱལ་མཚན།

མཁན་པོ་ཨ་ཁྱུག་ལུང་རྟོགས་རྒྱལ་མཚན།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept