The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Light-Hearted Advice—Tibetan

English | བོད་ཡིག

༄༅། །གདམས་པ་རྩེད་མོར་ཞུ་བ།

ལར་ལུས་འདི་ཡོད་ཟིན་སྔོན་བྱས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་རྒྱུ་ལས། ད་ལྟ་རྐྱེན་གྱི་བདེ་སྡུག་འཁྲུལ་སྣང་སྣ་ཚོགས་མྱོང་བའི་དཔེར་ན་དྷཏུའི་རའི་ཁུ་བའི་རྒྱུས་རྒྱུ་འབྲས་འཁྲུལ་སྣང་བསྐྱེད་པ་དང་མཚུངས་ཏེ། ལས་འབྲས་བསླུ་མེད་ནི་འཕགས་པ་དགྲ་བཅོམ་མོའུ་འགལ་བུ་དང་སྒུར་ཆུང་གི་རྣམ་ཐར་ལྟོས། དེས་ན་ད་ལྟ་བདེ་སྡུག་གཏོང་ལེན་དང་། ལས་འབྲས་བསླུས་མེད་ལ་ཡིད་ཆེས་ནས་སྡུག་བསྔལ་བྱང་ཆུབ་བསྒྲུབ་པའི་གྲོགས་སམ་བསྐུལ་མར་ཤེས་ནས་སྡུག་བསྔལ་བདེན་མེད་སྒྱུ་མ་ལྟ་བུའི་རང་བཞིན་ཤེས་ནས་གཏོང་ལེན་ལ་གོམས་ན། གཞན་བསྐལ་པ་མང་པོར་དམྱལ་བར་སྐྱེས་འགྱུར་གྱི་ལས་ཐམས་ཅད་འཛམ་གླིང་ལས་ཀྱི་ས་པ་འདིར་མགོ་ན་བ་ཙམ་གྱིས་བྱང་ཞེས་སྟོན་པ་བདེ་བར་གཤེགས་པ་རྫུན་མེད་པ་དེའི་རྡོ་རྗེའི་གསུང་ལས་ཤེས་མོད། སྡུག་བསྔལ་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་སྤྲོས་བྲལ་བདེ་བ་ཆེན་པོ་ཡེ་ནས་སྐྱེ་མ་མྱོང་བའི་རང་བཞིན་ལ་ལ་བཟླ་ནས། བླ་མ་གུ་རུ་རིན་པོ་ཆེའི་ཡོན་ཏན་དྲན་བཞིན་པའི་ངང་ནས་ཚིག་བདུན་གསོལ་འདེབས་དང་སྙིང་པོ་སིདྷི་བཟླས་པ་ལ་འབུངས་དང་། སྒུར་མི་འགྲོ་བའི་ཁག་ཁོ་བོས་ཁུར་ལགས། །

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept