The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer of Aspiration Towards Sukhāvatī—Tibetan

English | བོད་ཡིག

༄༅། །ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་བདེ་སྨོན་བཞུགས།

 

ཨེ་མ་ཧོ།

འདི་ནས་ནུབ་ཀྱི་ཕྱོགས་རོལ་སྟེང་གི་ཆ། །

ཐུགས་བསྐྱེད་སྨོན་ལམ་ལས་གྲུབ་བདེ་ཆེན་ཞིང་། །

དེ་དབུས་བཅོམ་ལྡན་མགོན་པོ་འོད་དཔག་མེད། །

རྒྱལ་སྲས་འཁོར་ཚོགས་རྒྱ་མཚོའི་དབུས་ན་བཞུགས། །

ལུས་ངག་ཡིད་རབ་གུས་པས་ཕྱག་འཚལ་ཞིང་། །

དངོས་འབྱོར་ཡིད་སྤྲུལ་མཆོད་འབུལ་སྡིག་ལྟུང་བཤགས། །

དགེ་ལ་ཡིད་རང་ཆོས་འཁོར་སྐོར་བར་བསྐུལ། །

ཡུན་རིང་བཞུགས་གསོལ་དགེ་རྩ་བྱང་ཆུབ་བསྔོ། །

ནམ་མཁས་ཁྱབ་པའི་ཕ་མ་སེམས་ཅན་ཀུན། །

རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །

དེ་ཕྱིར་བདག་གི་དུས་འདི་ནས་བཟུང་སྟེ། །

བྱང་ཆུབ་བར་དུ་རྒྱལ་སྲས་སྤྱོད་ལ་བསླབ། །

འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །

འགྲོ་རྣམས་རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །

དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །

བདེ་ཆེན་ཞིང་སྐྱེས་རྒྱལ་བའི་ཞལ་མཐོང་ཤོག །

 

ཅེས་འོད་མདོ་ལས་རྒྱུ་བཞི་གསུངས་པ་ཉུང་གསལ་ཁྱེར་བདེ་དགོས་ཚུལ་རང་སློབ་འགྱུར་མེད་ཀུན་བཟང་བསྟན་འཛིན་ནས་བསྐུལ་ངོར་སི་ཏུ་ཆོས་ཀྱི་རྒྱ་མཚོས་བྲིས་པ་འདི་མཐོང་ཐོས་འབྲེལ་བ་ཐམས་ཅད་སངས་རྒྱས་ཐུགས་རྗེ་ཅན་དེའི་མཐུ་ལ་བརྟེན་ནས་ཞིང་དེར་སྐྱེ་བའི་རྒྱུར་གྱུར་ཅིག། དགེའོ།། །།

 

ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

Amitābha, Buddha of Boundless Light

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept