Longsal Dorje Nyingpo Ngöndro Supplement—Tibetan
༄༅། །ཀློང་གསལ་སྔོན་འགྲོའི་ཁ་སྐོང་།
ཀློང་གསལ་སྔོན་འགྲོའི་ངག་འདོན་དུ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཟུར་ནས་ཁ་སྐོང་བར་འདོད་ན།
སྲིད་གསུམ་བདེ་སྡུག་དཀར་ནག་ལས་ཀྱི་འབྲས། །
བསླུ་མེད་བསགས་པའི་ལས་ནི་ཆུད་མི་འཇའ། །
མ་བྱས་པ་དང་མི་འཕྲད་བསྐལ་བརྒྱར་ཡང་། །
ཉམས་མེད་ཚོགས་ཤིང་དུས་བབས་མངོན་དུ་འགྱུར། །
དྲག་པོ་ཡེ་འབར་ལས།
དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དང༔
དུད་འགྲོ་བླུན་རྨོང་མཐོ་རིས་འགྱུར་བ་ཅན༔
རིགས་དྲུག་སྡུག་བསྔལ་སྐྱོབས་པའི་སྐྱབས་འགྲུབ་སྟེ༔
རང་རྒྱུད་དག་པའི་དངོས་གྲུབ་ཐོབ་པར་ཤོག༔
ཅེས་བརྗོད། མ་སྐོང་ཀྱང་།
དེ་ཕྱིར་ད་ལྟ་ཉིད་དུ་བསམ་གཏན་སྒོམས༔
ཞེས་པའི་ནང་དུ་དོན་ཚང་བ་ཡིན་ནོ། །
རིན་ཆེན་རྡོ་རྗེའི་ངོར། སི་ཏུ་ཆོས་ཀྱི་རྒྱ་མཚོས་སོ།། དགེའོ།། །།