Buddha Akṣobhya Practice—Tibetan
༄༅། །མི་འཁྲུགས་པའི་མངོན་རྟོགས།
རང་ཉིད་བཅོམ་ལྡན་མི་འཁྲུགས་པ། །
སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་རྫོགས། །
གླང་པོའི་ཁྲི་ལ་བཞུགས་པར་བསྒོམ། །
ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་མཐར། །
གཟུངས་ཀྱིས་གཡས་སུ་བསྐོར་བ་ལས། །
འོད་ཟེར་མཐིང་ཁ་རབ་འཕྲོས་པས། །
ཚེ་འདས་ཐོགས་དྲངས་འགྲོ་ཀུན་གྱི། །
ལས་ཀྱི་སྒྲིབ་པ་ཐམས་ཅད་ནི། །
བ་མོར་ཉི་ཟེར་ཕོག་ལྟར་བསྒོམ། །
ན་མོ་རཏྣ་ཏྲ་ཡ་ཡཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ།
ཨ་རཱ་གས་སྦྱར་བའོ༎ ༎