The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Guru Sādhana of Eighty-Four Mahāsiddhas—Tibetan

English | བོད་ཡིག

༄༅། །གྲུབ་བརྒྱའི་བླ་བསྒྲུབ་འོད་གསལ་ཐིག་ལེ།

 

ན་མོ་གུ་རུ་བཛྲ་དྷ་ར་ཡེ།

 

སྤྲོས་པ་མེད་པའི་དོན་ལ་གཞོལ་བར་འདོད་པ་དག་གིས་བྱ་བའི་གཙོ་བོ་བླ་མ་མཆོད་པ་ཉིད་ཡིན་པས། དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དུ་མཐུན་པས་འཁོད་ལ།

ༀ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊཿ

དམ་ཚིག་རྫས་རྣམས་མི་དམིགས་པས། །

ཡེ་ཤེས་བདུད་རྩིར་རྒྱ་མཚོ་ཆེ། །

ཁ་དོག་དྲི་རོ་ནུས་ལྡན་པ། །

ཟག་མེད་ནམ་མཁའ་གང་བར་གྱུར། །

ༀ་ཨཱཿཧཱུྃ།

ལན་གསུམ་གྱིས་བདུད་རྩི་མྱང་ལ་ཁ་དག་པར་བྱས་ཏེ། སྔོན་འགྲོའི་གཏོར་མ་ཡང་དེ་ཡིས་བརླབ།

 

ༀ་ཁ་ཁ་ཁཱི་ཁཱི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་པྲེ་ཏ་པི་ཤ་ཙན་ཨུན་མ་ད་ཨ་ཨསྨ་ར་བཛྲ་ཌཱཀྐ་ཌཱཀྐི་ནྱ་ཡ་དཱ་ཡ། ཨི་མཾ་བྷ་ལིང་གྷྲི་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐེ་ཝཾ། ཡ་ཐེཥྚཾ། བྷུ་ཛ་ཐ། པི་ཝ་ཐ། ཛི་གྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སུ་ཁཾ་བི་ཤུདྡྷེུ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱས་མཐའ་དག་པར་བསྔོས།

ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང༌། །

མཁའ་འགྲོ་སུམ་ཅུ་རྩ་གཉིས་སོགས། །

མ་ལུས་འཁོར་བཅས་འདིར་བྱོན་ལ། །

མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །

 

རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །

ནད་མེད་ཚེ་དང་དབང་ཕྱུག་དང༌། །

དཔལ་དང་གྲགས་དང་སྐལ་པ་བཟང༌། །

ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །

 

ཞི་དང་རྒྱས་ལ་སོགས་པ་ཡི། །

ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །

དམ་ཚིག་ཅན་གྱིས་བདག་ལ་སྲུངས། །

དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །

 

དུས་མིན་འཆི་དང་ནད་རྣམས་དང༌། །

གདོན་དང་བགེགས་རྣམས་མེད་པར་མཛོད། །

རྨི་ལམ་ངན་དང་མཚན་མ་ངན། །

བྱ་བྱེད་ངན་པ་མེད་པར་མཛོད། །

 

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །

འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །

དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །

ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །

ཅེས་ཕྲིན་ལས་བཅོལ།

 

གང་དག་ནག་པོའི་ཕྱོགས་གྱུར་པ། །

གསང་སྔགས་ཟབ་མོའི་ཆོ་ག་ལ། །

ཉན་དང་ལྟ་བར་མི་དབང་བར། །

དེ་དག་ཐམས་ཅད་གཞན་དུ་དེངས། །

གལ་ཏེ་བཀའ་ལས་འདའ་བྱེད་ན། །

རྡོ་རྗེ་ཁ་ཊྭཱྃ་རབ་འབར་བས། །

མགོ་བོ་ཚལ་པ་བརྒྱར་འགས་འགྱུར། །

ཅེས་དྲགས་སྔགས་ངང་བཅས་པས་བགེགས་བསྐྲད།

ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀ་ཧྞཱ་གྲྀ་ཧྞཱ་ཧཱུྃ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊཿ

ཞེས་ཕྱོགས་གཡོན་བསྐོར་དང་འཚམས་གཡས་སྐོར་གྱིས་བསྲུང་།

 

བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །

ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །

སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །

དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །

འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །

དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །

 

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །

བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

 

དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །

སྡིག་པ་ཐམས་ཅད་སོ་སོར་བཤགས། །

འགྲོ་བའི་དགེ་ལ་རྗེས་ཡི་རངས། །

སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །

 

སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །

བྱང་ཆུབ་བར་དུ་སྐྱབས་སུ་མཆི། །

རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །

 

བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །

སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །

བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །

འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

 

ༀ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊཿ

རང་ཉིད་གཟོད་ནས་ཡོངས་གྲུབ་པའི། །

བཅོམ་ལྡན་བདེ་མཆོག་འཁོར་ལོ་ནི། །

རྡོ་རྗེ་དྲིལ་བུ་འཛིན་པའི་རྒྱས། །

སྣང་སྟོང་གཉིས་མེད་ཡུམ་ལ་སྦྱོར། །

ཁྲོ་ལ་འཛུམ་སྒེག་ལྡན་པའི་ཉམས། །

འོད་གསལ་གཉུག་མའི་མདངས་སུ་ཤར། །

ཞེས་པས་ཡིག་བདུན་ཅི་ནུས་བཟླས།

ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊཿ

 

མདུན་རྟེན་ཚོགས་ཞིང་སྒྲུབ་པ་ནི། ལས་སྔགས་ཀྱིས་བསང་།

རྣམ་པར་རྟོགས་པའི་ཆོས་ཐམས་ཅད། །

ཟུང་འཇུག་འོད་གསལ་བདེ་བ་ཆེ། །

ཡེ་ཤེས་མཉམ་སྦྱོར་རང་བཞིན་ལས། །

མདུན་མཁར་དག་པའི་ཞིང་ཁམས་ཆེ། །

རྒྱ་ཁྱོན་བཀོད་པ་ཚད་མེད་པའི། །

དབུས་སུ་སྣ་ཚོགས་པདྨ་དང་། །

ཉི་ཟླ་བརྩེགས་པའི་ཁྲི་སྟེང་དུ། །

ངོ་བོ་རྩ་བའི་བླ་མ་ལ། །

རྣམ་པ་རྡོ་རྗེ་འཆང་ཆེན་པོ། །

ཆོས་ཉིད་མི་འགྱུར་སྐུ་མདོག་སྔོ། །

རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །

ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། །

རེག་བྱ་རྡོ་རྗེ་མ་དང་སྦྱོར། །

ཕྱོགས་འཚམས་འོད་ལྔའི་དྭ་བའི་ཀློང༌། །

བྲམ་ཟེ་ས་ར་ཧ་པ་སོགས། །

བྲམ་ཟེའི་རིགས་ཀྱི་རྣལ་འབྱོར་དང༌། །

རྒྱལ་པོ་ཨིནྡྲ་བྷོ་དྷི་སོགས། །

རྒྱལ་རིག་གྲུབ་ཐོབ་རིགས་པ་འཛིན། །

གུ་རུ་ཨུ་དྷི་ལི་པ་སོགས། །

རྗེ་རིགས་མཁའ་ཁྱོད་གྲུབ་པའི་དབང་། །

སྤྱོད་འཆང་ཀཾ་ཀ་ལི་པ་སོགས། །

དམངས་རིགས་ལས་སྐྱེས་རྣལ་འབྱོར་པ། །

གྲུབ་ཆེན་ཤ་བ་རི་པ་སོགས། །

གདོལ་པའི་ཚུལ་འཆང་གྲུབ་ཐོབ་ཚོགས། །

མེ་ཁ་ལི་སོགས་མཁའ་སྤྱོད་ཀྱི། །

རྣལ་འབྱོར་དབང་མོ་མ་ལུས་པ། །

མཁའ་ལམ་དབང་པོའི་ཚོན་མདངས་བཞིན། །

བརྗོད་མེད་རིག་པའི་རང་མདངས་ལས། །

རང་སར་ཤར་བའི་སྒྱུ་འཕྲུལ་ཆེ། །

མ་བཀོད་ལྷུན་གྱིས་འགྲུབ་པར་གསལ། །

 

ཨ་ཧོ་ཡེ། ཡུལ་དང་སོ་སོར་འཛིན་པ་རྣམ་དག་པ། །

གནས་རྡོ་རྗེའི་བཙུན་མོའི་གསང་བ་ནས། །

དཔལ་རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །

རྗེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཚོགས། །

གཤེགས་བཞུགས་ཀྱི་སྤྲོས་མཚན་མི་མངའ་ཡང༌། །

ཆུ་ཟླ་བཞིན་གང་དམིགས་དེར་སྣང་ཕྱིར། །

བདག་མོས་པའི་གནས་འདིར་གཤེགས་སུ་གསོལ། །

བཛྲ་ས་མཱ་ཛཿ

 

ཆགས་བྲལ་གྱི་པདྨ་མཛེས་པའི་དབུས། །

ཐབས་ཤེས་ཀྱི་ཉི་ཟླ་འོད་རེ་གསལ། །

ཆོས་སྐུ་ཡི་འོད་ཁྱིམ་ལྷུན་རེ་སྡུག །

རྟོག་མེད་ཀྱི་རོ་གདན་བག་རེ་དྲོ། །

དཔལ་གྲུབ་པ་རྒྱ་མཚོའི་འཁོར་ཚོགས་བཅས། །

དབྱིངས་ཡེ་ཤེས་དབྱེར་མེད་ཆེན་པོར་བཞུགས། །

 

རང་རིག་ལས་སྐྱེས་པའི་རྣལ་་འབྱོར་མ། །

མདོག་དཀར་སེར་དམར་ལྗང་སྔོ་བའི་ཚུལ། །

དེ་ཞི་ཆགས་འདྲེས་པའི་ཉམས་ལྡན་མ། །

སྟོང་ཉིད་བཅུ་དྲུག་གི་རང་བཞིན་ཅན། །

བདེ་ཆེན་གྱི་མངལ་ཁུར་ལྕི་བའི་ཚོགས། །

ལག་འདོད་ཡོན་མཆོད་པ་དཔག་མེད་ཐོགས། །

སྟོང་ཉིད་ལ་སྟོང་ཉིད་ཐིམ་པ་དང༌། །

ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ། །

སྒྱུ་འཕྲུལ་གྱི་མཆོད་པ་ཆེན་པོས་མཆོད། །

ཅེས་བརྗོད་ལ། [ༀ་བཛྲ་ཨ་]]སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད།

ༀ་བཛྲ་ཨ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱཧཱ།

ༀ་ཨཱཿབཛྲ་བཱི་ནི་ཧཱུྃ་ཧཱུྃ་ཕཊཿ ༀ་ཨཱཿབཛྲ་བཾ་ཤེ་ཧཱུྃ་ཧཱུྃ་ཕཊཿ

མགོ་ལ། ༀ་ཨཱཿ དང༌། མཇུག་ཏུ། ཧཱུྃ་ཧཱུྃ་ཕཊཿ སྦྱར། མྲྀ་དཾ་གེ༴ མུ་ར་ཛེ༴ ཧཱ་སྱ༴ ལཱ་སྱ༴ གཱིརྟི༴ ནིརྟི༴ པུཥྤེ༴ དྷུཔེ༴ དཱི་པཾ༴ གནྡྷེ༴ ༀ་ཨཱཿརཱུ་པ་བཛྲ་ནི༴ ར་ས༴ སྤརྴེ༴ དྷརྨཱ་དྷཱ་ཏུ་བཛྲ་ནི་ཧཱུྃ་ཧཱུྃ་ཕཊཿ

ཨོཾ་ཨཱཿབཛྲ་མྲྀ་ཏཾ་གི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་མུ་རཉྫེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་ཧ་སྱེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་ལ་ལྱེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་གཱིརྟི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་ནཱིརྟི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་དཱི་པཾ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿབཛྲ་གནྡྷེ་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿརཱུ་པ་བཛྲ་ནི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿརཱ་ས་བཛྲ་ནི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿསྤརྵེ་བཛྲ་ནི་ཧཱུྃ་ཧཱུྃ་ཕཊཿ ཨོཾ་ཨཱཿདྷརྨ་དྷཱ་ཏུ་བཛྲ་ནི་ཧཱུྃ་ཧཱུྃ་ཕཊཿ

ཞེས་རིག་མ་བཅུ་དྲུག་གིས་མཆོད།

 

ༀ་ཨཱཿཧཱུྃ། རྡོ་རྗེའི་ཆུ་སྟེ་དྲི་མ་མེད། །

དམ་ཚིག་གིས་བདུད་རྩི་འོད་དུ་འཁྱིལ། །

ཐབས་མཆོག་གི་ལྕགས་ཀྱུ་རྨད་དུ་བྱུང་། །

ཡེ་ཤེས་ཀྱི་སྒྲོན་མེ་རབ་ཏུ་གསལ། །

ཟུང་འཇུག་གི་དམ་རྫས་ཆེན་པོས་མཆོད། །

མི་མོ་ཡི་རེག་བྱ་བླ་ན་མེད། །

བདེ་ཆེན་གྱི་མཆོད་པ་ཕུལ་དུ་བྱུང༌། །

རང་བཞིན་དང་བྲལ་བའི་ཆོས་ཉིད་ལ། །

སྤང་བླང་གི་མཚན་མ་མི་དམིགས་པས། །

གཤིས་མ་བཅོས་གཉུག་མ་ཕྱག་རྒྱ་ཆེ། །

ༀ་ཨཱཿཧཱུྃ་མཧཱ་ཨ་མྲྀ་ཏ་ཨ་ནུ་རཱ་ག་བཛྲ་ཤུདྡྷོ྅ཧཾ།

 

ༀ་ཨཱཿཧཱུྃ། རང་བཞིན་སྤྲོས་དང་བྲལ་བ་འོད་གསལ་གཉུག་མ་ཡི་གཤིས་ལུགས། །

རྟག་ཆད་མཚན་མས་མི་ཕྱེད་བདེ་ཆེན་ཆོས་སྐུ་ཡི་བླ་མ། །

འགྲོ་འོང་ཉིད་དུ་སྣང་ཡང་འགྲོ་དང་འོང་བ་ཀུན་མ་མཆིས། །

རྣམ་དག་ཐུགས་ཀྱི་རྡོ་རྗེ་རང་ངོ་ཤེས་པ་ཡི་འདུད་དོ། །

 

གཤིས་ལུགས་འགགས་པ་མེད་ཅིང་བརྗོད་པའི་མཚན་མ་ཡང་མ་མཆིས། །

སྒྲ་སྙན་བྲག་ཆ་བཞིན་དུ་རང་གི་ངོ་བོས་ཀྱང་སྟོང་མོད། །

རྒྱུད་བཞིན་ཀུན་ལ་འཇུག་པ་བརྗོད་མེད་ནཱ་ད་ཡི་རང་སྒྲ། །

གསལ་སྟོང་གསུང་གི་རྡོ་རྗེར་རང་ངོ་ཤེས་པ་ཡི་འདུད་དོ། །

 

ཇི་ལྟར་ཟླ་བའི་གཟུགས་བརྙན་ཆུ་སྣོད་དུ་མ་རུ་འཕོས་ཀྱང་། །

ཟླ་བ་རང་གི་ངོ་བོ་འཕོ་འགྱུར་དྲི་མ་དང་བྲལ་བཞིན། །

འགྲོ་བའི་ཁམས་དང་འཚམས་པར་རྗེས་སུ་འགྲོ་བ་ཡི་གར་མཁན། །

སྣང་སྟོང་སྐུ་ཡི་རྡོ་རྗེར་རང་ངོ་ཤེས་པ་ཡི་འདུད་དོ། །

 

སྲིད་ལམ་དུབ་པའི་འགྲོ་བ་རྟགས་ཆད་མཚན་མ་ཡིས་བཅིང་རྣམས། །

འཕོ་མེད་གཞི་དོན་རིག་སྟེ་འོད་གསལ་ལྷན་སྐྱེས་ཀྱི་མཛེས་མའི། །

རང་ཞལ་མངོན་སུམ་མཐོང་བའི་དངོས་གྲུབ་གྲུབ་གཉིས་ཀྱི་ལང་ཚོ། །

ཅིར་དགར་ཡིད་བཞིན་འཇོ་བའི་བྱིན་རླབས་མངོན་གསུམ་དུ་སྩོལ་ཅིག །

ཅེས་བརྗོད་གཉུག་མའི་རང་མདངས་བརྐྱང་བཞིན།

ༀ་ཨཱཿཧཱུྃ་གུ་རུ་བཛྲ་དྷ་ར་སརྦ་སིདྡྷི་ཕ་ལ་ཧཱུྃ།

ཞེས་ཅི་ནུས་སུ་བཟླས། སླར་ཡང་གྲུབ་བརྒྱའི་གསོལ་འདེབས་ཚར་གང་མང་བས་རྗོད་པ་མོས་གུས་གྱི་རྩལ་བསྐྱེད།

 

དུས་བཟང་ལ་སོགས་པའི་སྐབས་ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན། ཐབས་ཤེས་ཀྱི་རྫས་ཚང་བར་བཤམས་ལ་ནང་མཆོད་ལྟར་བྱིན་རླབས་ཏེ།

ༀ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊཿ

དམ་ཚིག་རྫས་རྣམས་མི་དམིགས་པས། །

ཡེ་ཤེས་བདུད་རྩིར་རྒྱ་མཚོ་ཆེ། །

ཁ་དོག་དྲི་རོ་ནུས་ལྡན་པ། །

ཟག་མེད་ནམ་མཁའ་གང་བར་གྱུར། །

ༀ་ཨཱཿཧཱུྃ།

 

དབྱིངས་བདེ་གསལ་མི་རྟོག་ཕོ་བྲང་ཆེ། །

རྗེ་རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན། །

དེ་རང་ལ་སྣང་བ་སྐྱབས་ཀྱི་གཙོ། །

ཕ་དྲིན་ཅན་རྩ་བའི་བླ་མ་ཡང་། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

དབུས་མ་ག་དྷ་རྡོ་རྗེའི་གདན་སྟེང་དུ། །

མ་འགྲོ་བའི་དོན་ལ་སྐུ་བལྟམས་པའི། །

རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

ཡུལ་རྒྱ་གར་ལྷོ་ཕྱོགས་ཡུལ་ལྗོངས་སུ། །

རིགས་བྲམ་ཟེའི་རིགས་ལ་སྐུ་འཁྲུངས་པའི། །

རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

ཡུལ་རྒྱ་གར་ལྷོ་ཕྱོགས་ཡུལ་ལྗོངས་སུ། །

རིགས་བྲམ་ཟེའི་རིགས་ལ་སྐུ་འཁྲུངས་པའི། །

རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

ཡུལ་རྒྱ་གར་ནུབ་ཕྱོགས་ཡུལ་ལྗོངས་སུ། །

རྗེའུ་རིགས་ལ་སྐུ་འཁྲུངས་པའི། །

རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

ཡུལ་རྒྱ་གར་བྱང་ཕྱོགས་ཡུལ་ལྗོངས་སུ། །

འབངས་དམངས་རིགས་ཕལ་པར་སྐུ་འཁྲུངས་པའི། །

རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

ཡབ་རྣལ་འབྱོར་དབང་པོ་མཐའ་ཡས་ཀྱི། །

མ་ལྷན་ཅིག་སྤྱོད་པ་གསང་བའི་ཡུམ། །

སྲིང་དགའ་བཞིའི་ཉམས་སྟེར་ཐམས་ཅད་ཀྱང༌། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

 

ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ་དང་། །

མོ་རྟོགས་ཤིང་གྲོལ་བ་སྲིང་མོ་བཞི། །

རྗེ་གྲུབ་ཐོབ་ཕོ་མོ་བརྒྱད་བཞི་ཡང་། །

ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་གཏིབས།  །

འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །

གནས་ཁང་འདི་ལ་བྱིན་ཅིག་ཕོབ། །

ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །

འདིར་འདུས་རྣལ་འབྱོར་བདག་ཅག་ལ། །

མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །

ༀ་ཨ་ཤཱི་ཏིཿ་སིདྡྷི་ལབྡྷཾ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ

ཞེས་པས་ཚོགས་ཞིང་སྤྱན་དྲངས།

 

ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི།

རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ།

ངོ་བོ་རྣམ་པར་དག་པ་ཨ་ལི་ཀ་ལི།

མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་འབུལ་བའི་གནས་ནི།

བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི།

དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི།

ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི།

ག་ཎ་ཙཀྲ་ལ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧིས་ཕུལ།

ཚོགས་རྫས་རྣལ་འབྱོར་པ་རྣམས་ཀྱི་ནང་གི་བསྲེགས་བླུག་ཏུ་རོལ།

 

ལྷག་མ་རྣམས་བསོགས་འཇོག་མེད་པར་བསྡུས་ལ། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ།

ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།

ཧཱུྃ། དུར་ཁྲོད་བརྒྱད་ལ་གནས་བཅས་པའི། །

ཕུད་ལྷག་བདག་མོ་ཉུལ་ལེ་མ། །

དམ་ཚིག་ལས་ཀྱི་མཁའ་འགྲོ་དང་། །

ཤ་ཟ་འཇིག་རྟེན་ཕོ་ཉའི་ཚོགས། །

འཇིགས་གཟུགས་སྣ་ཚོགས་རྣམ་འགྱུར་ཅན། །

རུས་རྒྱན་མགོ་ཕྲེང་གཡེར་ཁ་འཆང༌། །

གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །

སྙན་པའི་སྒྲ་སྒྲོགས་སི་ལི་ལི། །

སྒོ་གསུམ་སྤྱོད་པ་ཡ་མ་ཟུང༌། །

སྣ་ཚོགས་ཐབས་ཀྱི་འགྲོ་བ་འདུལ། །

རེ་རེའི་འཁོར་དུ་འབུམ་ཕྲག་རེ། །

གྲངས་མེད་རིགས་འདུས་མཁའ་འགྲོའི་ཚོགས། །

ཕུད་ལྷག་བདུད་རྩིའི་གཏོར་མ་བཞེས། །

གསང་སྔགས་བསྟན་པ་རྒྱས་པར་མཛོད། །

ཨོཾ་སརྦ་ཨུཏྟིཊ་བ་ལིང་ཏ་བྷག་ཀྵ་བྷག་ཀྵ་ཀ་སི་སྭཱ་ཧཱ། འབུལ།

 

ཟབ་པའི་དབང་བཞི་ཞུ་བ་ནི། མ་ནམ་མཁའི་གསོལ་བ་ཕུར་ཚུགས་སུ་གདབ་པའི་མཐར།

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །

 

ཨ་ཧོ་ཡེ། དཔལ་ལྡན་བླ་མ་དྲན་པའི་བཅོས་མིན་མོས་གུས་ཀྱི་མཐུ་ལས། །

བརྟུལ་ཞུགས་ཉམས་བརྒྱར་འབར་བའི་གྲུབ་བརྙེས་རྣལ་འབྱོར་གྱི་ཚོགས་རྣམས། །

དཔལ་ལྡན་རྡོ་རྗེ་འཆང་གི་གསང་གསུམ་ཐིག་ལེ་ལ་ཐིམ་ཅིང་། །

གཙོ་བོས་དཔྲལ་བའི་གནས་ནས་གཡོན་པ་རྐྱང་མ་དང་འབྲེལ་བའི། །

བྱང་སེམས་དཀར་པོའི་རྒྱུན་བྱུང་རང་གི་དཔྲལ་བ་ལ་ཐིམ་པས། །

ལུས་ཀྱི་སྒྲིབ་པ་དག་ཅིང་སྣང་སྟོང་བུམ་པའི་དབང་ཐོབ་གྱུར། །

གཙོ་བོའི་མགྲིན་པའི་གནས་ལས་གཡས་པ་རོ་མ་དང་འབྲེལ་བའི། །

བྱང་སེམས་དམར་པོའི་རྒྱུན་བྱུང་རང་གི་མགྲིན་པ་ལ་ཐིམ་པས། །

ངག་གི་སྒྲིབ་པ་དག་ཅིང་བདེ་ཆེན་གསང་བའི་དབང་ཐོབ། །

གཙོ་བོའ་ིསྨིན་མཚམས་གནས་ནས་ཨ་ཝ་དྷུ་ཏི་དང་འབྲེལ་བའི། །

བྱང་སེམས་འདྲེས་པའི་རྒྱུན་བྱུང་རང་གི་སྨིན་མཚམས་སུ་ཐིམ་པས། །

ཡིད་ཀྱི་སྒྲིབ་པ་དག་ཅིང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །

སླར་ཡང་རྡོ་རྗེ་འཆང་གི་བརྗོད་མེད་ནཱ་ད་ཡི་རང་སྒྲས། །

གཞི་གནས་མ་བཅོས་གནས་ལུགས་ཡེ་ནས་ལྷུན་གྲུབ་ཀྱི་རང་བཞིན། །

ཐ་མལ་རང་ལུགས་ངང་དུ་བཟོ་མེད་ལྡུག་པ་རུ་བཞག་ན། །

སྐྱེ་འཆི་རྟག་ཆད་མེད་པ་ནམ་མཁའ་ལྟ་བུ་ཡི་ཀློང་དུ། །

འཕོ་འགྱུར་བྲི་གང་བྲལ་བའི་ཆོས་སྐུའི་བདག་ཉིད་དུ་འགྱུར་རོ། །

ཞེས་གསུངས་དགོངས་པའི་དྲོད་གཏད་རང་དང་གཉིས་མེད་དུ་ཐིམ་པས།

སྤྲོས་བྲལ་འོད་གསལ་ཆེན་པོའི་བདག་ཉིད་མངོན་སུམ་དུ་མཐོང་བའི། །

སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོ་རུ་འགྱུར་ཅིག །

ཅེས་མཉམ་བཞག་གི་རྒྱུན་བརྐྱང༌། རྗེས་ཐོབ་ཏུ་སྣང་གྲགས་ཐམས་ཅད་ཆོས་སྐུ་ལམ་དུ་ཁྱེར།

 

དགེ་བ་འདི་ཡིས་འགྲོ་བ་ཀུན། །

གཞོན་ནུ་ནོར་བཟང་ཇི་བཞིན་དུ། །

ཡོན་ཏན་རྒྱ་མཚོ་ལྟ་བུ་ཡིས། །

བླ་མ་དམ་པ་མཉེས་བྱེད་ཤོག །

ཅེས་དགེ་བ་བསྔོ།

 

ཤེས་བྱའི་མཁའ་ལ་མཁྱེན་རབ་དཀྱིལ་འཁོར་རྒྱས། །

མཛད་པའི་འོད་སྟོང་གདུལ་བྱའི་གླིང་ལ་ཕོག །

རྒྱལ་བའི་བསྟན་པ་ཀུན་ནས་གསལ་མཛད་པའི། །

བཀའ་བརྒྱུད་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །

སོགས་ཀྱིས་བཀྲ་ཤིས་བརྗོད།

 

ཅེས་པའང་གྲུབ་བརྒྱའི་བྱིན་རླབས་སྐབས་སེདྒ་ལའི་ཌཱཀྐི་ཆུ་ཤིང་གི་སྙེ་མའི་དངོས་གྲུབ་ཀྱི་སྐལ་པ་སྩལ་བའི་ཉམས་ལས་ཅུང་ཙམ་ཤར་བ་སླར་ཡི་གེ་འདོན་བདེ་བའི་ཚིག་གི་མཚོས་སྦྱོར་དང་བཅས་བྱམས་པའི་མིང་གིས་བྲིས་པ་སྐལ་པ་དང་ལྡན་པ་ཟུང་འཇུག་གི་གོ་འཕང་ཐོབ་པའི་རྒྱུར་སིདྡྷི་རསྟུ། བྷ་ཝནྟུ། སརྦ་མདྒ་ལཾ།། །།དགེའོ།། དགེའོ།། དགེའོ།།

 

རྗེ་དྲུང་བྱམས་པ་འབྱུང་གནས།

Vajradhara & 84 Mahāsiddhas

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept