The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Virūpa—Tibetan

English | བོད་ཡིག

༄༅། །བིར་ཝ་གྲུབ་པའི་གསོལ་འདེབས། །

 

ན་མོ་གུ་རུ་བིར་ཝ་པཱ་དཱ་ཡ།

གཞུང་ལུགས་ཀུན་མཁྱེན་མཁའ་འགྲོས་རྗེས་སུ་བཟུང་། །

མངོན་གྱུར་ས་བརྙེས་དཔལ་ལྡན་བི་རཱུ་པ། །

གྲུབ་རིགས་རྒྱ་མཚོའི་གཙོ་བོར་གསོལ་བ་འདེབས། །

བར་ཆད་ཀུན་སེལ་མཆོག་ཐུན་དངོས་གྲུབ་བསྩོལ། །

 

ཅེས་པའང་རྡོ་རྗེ་འཛིན་ཆེན་པོ་ཀུན་དགའ་ཆོས་དབང་གི་གསུང་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པར་གཞན་ཀུན་གྱི་རྒྱུད་ལ་རྣལ་འབྱོར་དབང་ཕྱུག་གི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

བིརྭ་པ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept