Prayer to Vimalamitra—Tibetan
Prayers
Khyentse Kabab
Chetsün Nyingtik
བོད་ཀྱི་བླ་མ།
འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཕགས་ཡུལ་གྱི་སྐྱེས་བུ་དམ་པ།
དྲི་མེད་བཤེས་གཉེན།
English | Español | 中文 | བོད་ཡིག
༄༅། །བི་མ་མི་ཏྲའི་གསོལ་འདེབས།
འོད་གསལ་སྣང་བཞི་མཐར་ཕྱིན་ནས༔
རིག་པ་མི་འགྱུར་སྐུ་ལྔར་བཞེངས༔
འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས༔
འཆི་མེད་བི་མ་མི་ཏྲ་ཀྱེ༔
བདག་ལ་ཐུགས་རྗེས་བརྩེར་དགོངས་ནས༔
མངོན་སུམ་བྱིན་རླབས་དེང་སྩོལ་ཅིག༔
ཅེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྗེ་དྲན་གཏེར་ཆོས་ལྕེ་བཙུན་སྙིང་ཐིག་ལས་བཏུས་སོ།།