Khyentse Chökyi Lodrö Long-Life Prayer—Tibetan
༄༅། །ཞབས་བརྟན་སྤྲིན་སྒྲའི་དབྱངས་སྙན་ཞེས་བྱ་བ།
ཨོཾ་སྭསྟི།
ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་ཡི། །
མཁྱེན་བརྩེ་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ། །
དཔལ་ལྡན་བླ་མ་ཆོས་ཀྱི་བཤེས་གཉེན་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
གང་གི་ཡེ་ཤེས་མཆོག་གི་སྤྲུལ་པའི་སྐུ། །
མཐའ་ཀླས་བསྟན་འགྲོའི་པད་ཚལ་རྒྱས་པའི་གཉེན། །
ཆོས༵་ཀྱི༵་བློ༵་གྲོས༵་སྨྲ་བའི་ཉི་མ་ཡི། །
ཞབས་པད་བསྐལ་བ་རྒྱ་མཚོར་བཞུགས་གསོལ་འདེབས། །
བདག་ཅག་འདི་ནས་བྱང་ཆུབ་སྙིང་པོའི་བར། །
ཞབས་སེན་བདེ་ཆེན་འཁོར་ལོར་མཆོད་པ་དང་། །
གསུང་གི་བདུད་རྩིས་དབུགས་དབྱུང་དགའ་སྟོན་གྱིས། །
རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །
ཞེས་པའང་ཝ་ཤུར་ཚེ་མགོན་གྱི་དགེ་ཀརྨ་དང་དཀོན་མཆོག་ཟུང་ནས་བསྐུར་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པ་དགེ་ལེགས་དང་ལྡན་པར་གྱུར་ཅིག། །