Daily Practice of Vajrasattva—Tibetan
༄༅། །རྡོར་སེམས་རྒྱུན་ཁྱེར།
སྐྱབས་སེམས་སྤྱི་ལྟར་དང་།
ཨཱཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །
བཟུང་བས་མི་ཟིན་ཆུ་ཟླ་འདྲ། །
ཀུན་ཏུ་བཟང་པོའི་རོལ་པ་ལས། །
ཐབས་ཤེས་ཟུང་འཇུག་རྩ་བའི་ལྷ། །
སེམས་དཔའ་དཀར་པོ་རྡོར་དྲིལ་བསྣམས། །
རང་འོད་སྙེམས་མ་གྲི་ཐོད་འཁྱུད། །
ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །
ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །
ཧཱུྃ་གི་མཐའ་མར་སྔགས་ཀྱིས་བསྐོར། །
འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །
ཚུར་འདུས་མཆོག་ཐུན་དངོས་གྲུབ་ཐོབ། །
རྒྱུད་དག་བྱིན་གྱིས་བརླབས་པར་གྱུར། །
ཡིག་བརྒྱ་བཟླ།
དགེ་བ་འདི་ཡི་མྱུར་དུ་བདག །
རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
སོགས་བསྔོ་སྨོན་བྱ།
མངྒ་ལཾ། །། ཕྱག་བྲིས་ལས་ཞལ་བཤུས།།