Prayer to Tsarchen Losal Gyatso—Tibetan
༄༅། །ཚར་ཆེན་རྡོ་རྗེ་འཆང་གི་གསོལ་འདེབས།
བློ༷་མཆོག་གསུང་གི་དབང་ཕྱུག་ངུར་སྨྲིག་གར། །
མཐའ་ཡས་འགྲོ་ལ་ཕན་བདེའི་མཆོག་སྩོལ་ཞིང་། །
བསྟན་པ་རིན་ཆེན་ཕྱོགས་བཅུར་གས༷ལ་བར་མཛད། །
སྙན་བརྒྱུད་རྒྱ༷་མཚོ༷འི་བདག་པོར་གསོལ་བ་འདེབས། །
ཅེས་པའང་མེ་སྤྲེལ་ཟླ་ཚེས་དགོང་མོའི་ཕྱི་ཆར་ཡིད་ངོར་དྲན་པའོ།། །།