Invocation for the Sakya Teachings—Tibetan
༄༅། །དབང་རྒྱས་ལྷ་རྣམས་ཐུགས་དམ་བསྐུལ་བ།
རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །
ཁྱད་པར་དབང་མཛད་རྗེ་བཙུན་རིགས་བྱེད་མ། །
ཚོགས་ཀྱི་བདག་པོ་འདོད་པའི་རྒྱལ་པོ་དང་། །
མྱུར་མཛད་མགོན་དཀར་ཡིད་བཞིན་ནོར་བུ་སོགས། །
དབང་རྒྱས་ལྷ་རྣམས་ཐུགས་དམ་རྒྱུད་བསྐུལ་ན། །
རྒྱལ་བསྟན་སྤྱི་དང་ཁྱད་པར་ས་སྐྱ་པའི། །
བསྟན་པ་རིན་ཆེན་ཕྱོགས་བཅུར་སྤེལ་བའི་སླད། །
བཤད་དང་སྒྲུབ་པའི་སྡེ་ཆེན་འཛུགས་པ་ལ། །
ཆོས་ལྡན་རྒྱལ་བློན་འབྱོར་ལྡན་ཁྱིམ་བདག་སོགས། །
དབང་དུ་བསྡུས་ཤིང་ལོངས་སྤྱོད་ཕོངས་མེད་པ། །
ལྷོ་སྤྲིན་བཞིན་དུ་ངང་གིས་འདུ་བར་མཛོད། །
སྤང་དང་ཀློག་པའི་བྱ་བ་འཕེལ་རྒྱས་ཤོག །
དེ་ལ་བར་གཅོད་རྩོམ་པའི་འབྱུང་པོ་དང་། །
ལྷ་མིན་ཀླ་ཀློའི་འཇུག་པ་རབ་ཞི་ནས། །
དཀོན་མཆོག་གསུམ་གྱི་དབུ་འཕང་རབ་མཐོ་ཞིང་། །
བསྟན་འགྲོར་བདེ་སྐྱིད་འཕེལ་བར་བྱིན་གྱིས་རློབས། །
ཞེས་པའང་མི་ཉག་ཕན་ཞབས་པས་གསུང་གི་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །།