Loter Wangpo Prayer—Tibetan
༄༅། །རྩ་བའི་བླ་མར་གསོལ་འདེབས་བཞུགས། །
ཁྱབ་བདག་གསང་བའི་བདག་པོ་རྡོ་རྗེ་འཆང་། །
རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གཙོ། །
དྲན་པས་སྲིད་ཞིའི་འཇིགས་པ་འཕྲོག་མཛད་པ། །
འཇམ་དབྱངས་བློ་གཏེར་དབང་པོར་གསོལ་བ་འདེབས། །
གང་སྐུ་མཐོང་བས་བདེ་ཆེན་ཡེ་ཤེས་སྐྱེད། །
གང་གསུང་ཐོས་པས་མ་རིག་མུན་པ་སེལ། །
གང་ཐུགས་དྲན་པས་རང་རིག་ཆོས་སྐུར་སྟོན། །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
བླ་མ་ཧེ་རུ་ཀཿདཔལ་རྡོ་རྗེ་འཆང་། །
ཁྱོད་ཀྱི་ཐུགས་རྗེས་ཡལ་བར་མི་འདོར་ཤིང་། །
སྒོ་གསུམ་འཁྲུལ་པ་རྩད་ནས་ཆོད་པ་དང་། །
རྡོ་རྗེ་གསུམ་གྱི་ཡེ་ཤེས་སྨིན་པར་མཛོད། །
ཅེས་པའང་བླ་མ་དྲན་པའི་ངང་ནས་ཐོལ་བྱུང་དུ་བྲིས་པའོ།། །།